[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དྲིན་ཚོར་གླིང་སྡེ་ཁུལ་དུ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-15

    ཉེ་ཆར། འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཁུལ་གྱི་ཡན་ལག་དངུལ་ཁང་ཚོགས་པའི་སྤྱོད་མཁན་པུའི་ཏང་ཀྲི་པུའུ་དང་གྲོང་སྐྱིད་ལམ་ཉིང་ལག་དངུལ་ཁང་གི་ཏང་ཀྲི་པུས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དྲིན་ཚོར་གླིང་སྡེ་ཁུལ་སྤྱི་ཁྱབ་ཏང་ཀྲི་པུའུ་དང་མཉམ་དུ“ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ། བྱིས་པའི་སེམས་པ་ནམ་ཡང་ཏང་ལ་ཕྱོགས”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཀྲི་པུའི་ཏང་ཡོན་བློ་མཐུན་ཚོས་སྡེ་ཁུལ་གྱི་གྲོཌ་པོ་ཆུང་ཆུང་60ཙམ་ལ་དཔེ་ཁུག་སྤྲད་པ་རེད། དཔེ་ཁུག་ནང་ཡིག་གཟུཌ་འབྲི་དེབ་དང་། སྨྱུག་སྒམ། ཞ་སྨྱུག སྨྱུ་གུ་ཚོན་ཁྲ། ཐག་མཆོང་། ཤེལ་ཕོར་སོགས་སློབ་སྦྱོང་དང་འཚོ་བའི་མཁོ་ཆས་ཡོད་པ་རེད། དཔེ་ཁུག་རག་པའི་ཕྲུ་གུ་ཚོ་སྤྲོ་སྣང་རབ་ཏུ་འཕེལ་ནས་ངོ་མདོང་ལས་དགའ་བའི་འཛུམ་མདངས་འཕྱུར་ཞིང་། དཔེ་ཁུག་ནང་ཡིག་ཆས་གང་དག་ཡོད་མེད་ལྟ་བར་བྲེལ་བཞིན་འདུག

    ད་རེས་ཀྱི་བྱེད་སྒོར་གྲོང་སྐྱིད་ལམ་ཉིང་ལག་དངུལ་ཁང་ཏང་ཀྲི་པུའུ་ཡིས་ཆེད་མངགས་མཉམ་ལས་ཚོང་དུད་བོད་ལྗོངས་ཡཱ་པོའོ་ཧྲེ་ཁ་ནད་སྨན་ཁང་གི་སྨན་པ་གདན་དྲངས་ཏེ། དྲིན་ཚོར་གླིང་གི་བྱིས་པར་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས་གྲོགས་པོ་ཆུང་ཆུང་ཚོའི་སོར་བརྟག་དཔྱད་བྱས་པ་རེད།

    གྲོང་སྐྱིད་ལམ་ཉིང་ལག་དངུལ་ཁང་གི་ཧང་ཀྲང་རྣམ་རྒྱལ་གྱིས། འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཁུལ་གྱི་ཡན་ལག་དངུལ་ཁང་ཚོགས་པའི་སྤྱོད་མཁན་པུའི་ཏང་ཀྲི་པུའུ་དང་གྲོང་སྐྱིད་ལམ་ཉིང་ལག་དངུལ་ཁང་ཏང་ཀྲི་པུའུ་ཡིས་ད་རེས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་བྱིས་པའི་འཚར་ལོངས་ལ་དོ་ཁུར་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། བྱིས་པ་ཚོས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་སེམས་པ་སྐྱེད་སྲིང་བྱས་ནས་གསར་བརྗེའི་ས་བོན་དང་གསར་བརྗེའི་མེ་ལྕེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་ཏང་ཡོན་ལས་བྱེད་པ་སྡེ་ཁུལ་ལ་སྐྱོད་པ་དང་གཞི་རིམ་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ལག་བསྟར་བྱས་ཡོད་ཅེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཁུལ་གྱི་ཡན་ལག་དངུལ་ཁང་ཚོགས་པ་སྤྱོད་མཁན་པུའི་ཏང་ཀྲི་པུའུ་དང་གྲོང་སྐྱིད་ལམ་ཉིང་ལག་དངུལ་ཁང་ཏང་ཀྲི་པུའུ་ཡིས། 2018ལོ་ནས་ད་བར་ལོ་5བསྟུད་མར་དྲིན་ཚོར་གླིང་སྡེ་ཁུལ་དུ་ཆ་སྒྲིག་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་ཞིང་། རིམ་རྩིས་བྱས་ན་མིག་སྔའི་བར་དྲིན་ཚོར་གླིང་སྡེ་ཁུལ་ལ་དབུལ་སྐྱོར་མ་དངུལ་སྒོར་ཁྲི་18ལྷག་ཙམ་ཞལ་འདེབས་བརྒྱབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།