[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་ལྗོངས་ཀྱིས་གཞོན་ནུ་ལོ་ཆུང་གི་དུག་འགོག་རང་སྲུང་ལག་ལེན་སྒར་སའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-04

    ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་དུག་འགོག་ཨུ་ལྷན་དང་བོད་ཀྱི་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིས་མཉམ་དུ་གཉེར་འགན་འཁུར་བའི“བདེ་ཐང་གི་མི་ཚེ། ལྗང་མདོག་དུག་མེད”ཅེས་པའི་2022ལོའི་བོད་ཀྱི་གཞོན་ནུ་ལོ་ཆུང་གི་དུག་འགོག་རང་སྲུང་ལག་ལེན་སྒར་སའི་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོའི་དུས་ཡུན་ཉིན་ལྔ་ཡིན་པ་དང་། ལྷ་ས་དང་། ལྷོ་ཁ། ནག་ཆུ། གཞིས་རྩེ། ཉིང་ཁྲི་བཅས་ནས་ཡོང་བའི་གཞོན་ནུ་ལོ་ཆུང་60ཡིས་དུག་འགོག་འགྲེམས་ཁང་ལ་ལྟ་སྐོར་དང་། དུག་འགོག་དངོས་མཚོན་གློག་བརྙན་ལྟ་བ། དུག་འགོག་ཤེས་བྱའི་འཆད་ཁྲིད་ཉན་པ། དུག་འགོག་ཤེས་བྱའི་འགྲན་བསྡུར་ལ་ཞུགས་པ། དུག་འགོག་གི་ལག་བྲིས་ཚགས་པར་བཀོད་སྒྲིག ཕྱི་རོལ་དུ་ལག་ལེན་བྱེད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། དུག་རྫས་ཀྱི་གནོད་འཚེ་ཤེས་རྟོགས་ཐུབ་ནས“ཚེ་སྲོག་ལ་གཅེས་སྤྲས་དང་དུག་རྫས་རིང་དུ་སྤོང་བའི”འདུ་ཤེས་བརྟན་པོ་བཙུགས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།