[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་ལྗོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-04

    ཉེ་ཆར། དུས་ཡུན་ཉིན་ལྔ་ཡིན་པའི་བོད་ཀྱི་འགོ་ཁྲིད་ལས་བྱེད་པའི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ལྷ་སར་སློབ་གྲྭ་འགོ་ཚུགས་ཤིང་། གྲོང་ཁྱེར(ས་ཁུལ)7གྱི་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། རྫོང(ཆུས)74ཡི་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་འབྲེལ་ཡོད་ཚན་པའི་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པ་བཅས་ཁྱོན་མི་113ལྷ་སའི་ཚོགས་ར་གཙོ་བོར་ཞུགས་པ་རེད། གྲོང་ཁྱེར(ས་གནས)དང་རྫོང(ཆུས)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བགྲོ་གླེང་འཛིན་གྲྭ་དེ་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ལས་དོན་ལ་དམིགས་ཏེ། རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་འཐབ་ཇུས་ཞིབ་འཇུག་དང་རྒྱལ་སྤྱིའི་མཉམ་ལས་ལྟེ་གནས་དང་། ཀྲུང་གོ་མི་དམངས་སློབ་ཆེན། ཞ་མོན་སློབ་ཆེན་སོགས་གྲགས་ཅན་གྱི་རིགས་གཅིག་མཁས་ཅན་དང་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་འགན་འཁུར་བློ་མཐུན་གདན་དྲངས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་མཛད་ཕྱོགས་སྲིད་ཇུས། རྨང་གཞིའི་ཤེས་བྱ། མངོན་འགྱུར་ཐབས་ལམ། ལས་ཀའི་བླང་བྱ། ལག་ལེན་དངོས་ཀྱི་ཉམས་མྱོང་སོགས་སློབ་ཁྲིད་བྱས་པ་རེད། སློབ་ཚན་ཁག་གཅིག་རྒྱང་ཁྲིད་བརྙན་ལམ་ལ་བརྟེན་ནས་སློབ་ཁྲིད་བྱེད་པ་དང་། སློབ་མཇུག་མ་འགྲིལ་གོང་ད་དུང་ཚོད་རྒྱུགས་གཏོང་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།