[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ཆུ་འབྲེལ་སྲིད་འཛིན་ཁྲིམས་འཛིན་ཕྱོགས་ཡོངས་ནས་ཚད་བརྒལ་ཡོང་བར་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཆེད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས། སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པའི་བླང་བྱ་དང་། ཉིང་ཁྲི་འདི་ཉིད་སྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་དཔེ་སྟོན་ཁུལ་དུ་བསྐྲུན་རྒྱུའི་སྐོར་གྱི་དམིགས་ཚད་ངེས་གནས་ལ་དམ་པོར་དམིགས་ཏེ། ཁྲིམས་འཛིན་ནུས་པ་ཞན་པའི་དཀའ་གནད་བསལ་བ་དང་ཆུ་འབྲེལ་སྲིད་འཛིན་ཁྲིམས་འཛིན་གོ་རིམ་ཚད་ལྡན་དུ་བཏང་ནས་ལས་ཀའི་སྤྱོད་ཚུལ་མུ་མཐུད་ལེགས་སུ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་རིགས་ཁག་དང་ཆུ་བེད་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་ཆུ་འབྲེལ་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུར་སྟབས་བདེ་སྐྲུན་ཆེད། ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་སྲིད་ཇུས་ཁྲིམས་སྲོལ་ཁོའོ་ཡིས《ཆུ་བེད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་བསྒྲིགས》སྒྲིག་འཛུགས་ཀྱིས་རྩོམ་སྒྲིག་བྱས་ཏེ། 2021ལོའི་ཟླ་3པའི་ཟླ་མཇུག་བར་གྱི་ཆུ་བེད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དེའི་ནང་བཅུག་ནས། རིམ་ཁག་ཆུ་འབྲེལ་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཁྲིམས་ལྟར་ཆུར་དོ་དམ་དང་ཁྲིམས་ལྟར་ཆུར་བཅོས་སྐྱོང་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་བ་དང་ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཐུབ་པར་བྱེད་ཆེད་སྲ་ཞིང་བརྟན་པའི་བཅའ་ཁྲིམས་ཀྱི་འགན་ལེན་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཆུ་འབྲེལ་སྲིད་འཛིན་གཙོ་གཉེར་དོ་དམ་སྡེ་ཚན་གྱི་ཆུ་འབྲེལ་སྲིད་འཛིན་ཁྲིམས་འཛིན་གཅིག་གྱུར་ཅན་དང་། ཚད་ལྡན་ཅན། ཚད་གཞི་ཅན་བཅས་སྔར་བས་ཚད་ལྡན་དུ་གཏོང་ཆེད་དང་། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཆུ་འབྲེལ་སྲིད་འཛིན་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་ཐོ་འགོད་བྱེད་པར་བློས་འགེལ་ཆོག་པའི་ཕྱོགས་སྟོན་མཁོ་འདོན་བྱེད་ཆེད། ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས《བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཆུ་འབྲེལ་སྲིད་འཛིན་ཁྲིམས་འཛིན་ཡིག་རིགས་ཕྱོགས་སྟོན(ཚོད་ལྟའི་ལག་ལེན)》རྩོམ་སྒྲིག་བྱས་ཤིང་། ཡིག་རིགས་ཕྱོགས་སྟོན་དེའི་ནང་རེའུ་མིག་མི་འདྲ་བ་38བསྡུས་པ་དང་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཆུ་བེད་སྡེ་ཚན་གྱིས་སྲིད་འཛིན་ཆད་གཅོད་དང་། སྲིད་འཛིན་བཀའ་རྒྱ། སྲིད་འཛིན་བཙན་སྡོམ། དེ་བཞིན་ཆུ་དོན་ཁྲིམས་འགལ་གྱི་དོགས་གཞི་ཡོད་པའི་ཉེས་གསོག་གྱོད་གཞི་སྐྱེལ་སྤྲོད་སོགས་ཁྲིམས་འཛིན་ཡིག་རིགས་ཕྱོགས་སྟོན་རྩོམ་སྒྲིག་བྱེད་པར་སྤྱོད་ཆོག་པ། ཁྲིམས་འཛིན་ཡིག་རིགས་རྩོམ་སྒྲིག་གི་སྤྱིར་བཏང་གི་གོ་རིམ་ཁ་གསལ་བཟོས་ཡོད།

    སྲིད་འཛིན་ཁྲིམས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་དང་སྲིད་འཛིན་ཁྲིམས་འཛིན་གྱི་གོ་རིམ་ཚད་ལྡན་དུ་བཏང་སྟེ། ཉིང་ཁྲི་གྲོང་ཁྱེར་གྱི་ཆུ་བེད་ཁོངས་གཏོགས་ཀྱི་ཁྲིམས་འཛིན་མི་སྣའི་ཚད་ལྡན་གྱི་སྲིད་འཛིན་ཁྲིམས་འཛིན་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྒྲིག་འཛུགས་བྱས་ཏེ་སྲིད་འཛིན་ཁྲིམས་འཛིན་སྐོར་གྱི་གསོ་སྦྱོང་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་མི་སྣ་གདན་དྲངས་ཏེ་མཚོ་དཔོན་ལམ་ལུགས་ཀྱི་ལས་སྒོའི་གསོ་སྦྱོང་འཛིན་གྲྭར་སྲིད་འཛིན་ཁྲིམས་འཛིན་གྱི་ཆེད་དོན་འཆད་ཁྲིད་བྱས་པ། “ཀོང་ཉིང་ཆུ་བེད་འཆད་ཁྲིད་ཁང་ཆེ་མོ”གོ་སྐབས་སུ་བྱས་ནས་ཆུ་བེད་པུའི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱེད་པར་གདན་དྲངས་པ། སློབ་ཁྲིད་ཀྱི་ནང་དོན་གྲས་སུ་གཙང་པོ(མཚེའུ)དང་། ཆུའི་ཐོན་ཁུངས། འབྲུབ་འགོག་སོགས་ཚུད་པ། དྲ་ཐོག་དང་དྲ་ཕྱི་གཉིས་ནས་གསོ་སྦྱོང་བྱས་པའི་ནང་ཞུགས་མཁན་མི་གྲངས་600ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།