[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་སྐར་འོད་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱིས།

    ན་སོ་དར་ལ་མ་བབས་པའི་མིས་ཆང་རག་འཐུང་བར་སྔོན་འགོག་བྱེད་པའི་སློབ་སྦྱོང་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-27

    ཉེ་ཆར། བོད་ལྗོངས་སྐར་འོད་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་། སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་དང་མཉམ་དུ་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་ཀྱི་སློབ་མར་ན་སོ་དར་ལ་མ་བབས་པའི་མིས་ཆང་རག་འཐུང་བར་སྔོན་འགོག་དྲིལ་བསྒྲཌ་བྱེད་པའི་སློབ་སྦྱོང་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། སློབ་མ་ཧུར་ཐག་ཞུགས་པས་སྔོན་དཔག་གི་དམིགས་ཚད་ལ་སླེབས་ནས་ན་སོ་དར་ལ་མ་བབས་པའི་མིས་ཆང་རག་འཐུང་བ་སྔོན་འགོག་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། “2021དང་2022ལོའི‘འཚར་ལོངས་ལ་གཅེས་སྐྱོང་བྱེད། ན་སོ་དར་ལ་མ་བབས་ན་ཆང་རག་མི་འཐུང་བའི’ན་སོ་དར་ལ་མ་བབས་པའི་མིས་ཆང་རག་འཐུང་བ་སྔོན་འགོག་བྱེད་པའི”རྣམ་གྲངས་ལག་བསྟར་བྱས་ཚུན། བོད་ལྗོངས་འཕེལ་རྒྱས་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་མ་དངུལ་གྱི་རྒྱབ་སྐྱོར་འོག བོད་ལྗོངས་སྐར་འོད་སྤྱི་ཚོཌ་ལས་དོན་ཞབས་ཞུའི་ལྟེ་གནས་ཀྱིས་སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་དང་། སྟོད་ལུང་བདེ་ཆེན་ཆུས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ། བཀྲ་ཤིས་སྡེ་ཁུལ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དྲིན་ཚོར་གླིང་སྡེ་ཁུལ་བཅས་སུ་ན་སོ་དར་ལ་མ་བབས་པའི་མིས་ཆང་རག་འཐུང་བར་སྔོན་འགོག་བྱེད་པའི་བྱེད་སྒོ་སྣ་ཚོགས་སྤེལ་བར་རྒྱ་ཆེའི་ཁྱིམ་བདག་དང་སློབ་མ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།