[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་གཞུང་བཙུགས་སྨན་ཁང་གི“མཐོར་གཏོང་གསུམ”གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-25

    ཉེ་ཆར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཞུང་བཙུགས་སྨན་ཁང་གི“སྨན་བཅོས་སྤུས་ཚད་དང་། ནད་པའི་མྱོང་ཚོར། སྨན་ཁང་དོ་དམ”བཅས་མཐོ་རུ་གཏོང་བའི་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་2022ལོ་ནས་2025ལོ་བར་བོད་ལྗོངས་ཀྱི་གཞུང་བཙུགས་སྨན་ཁང་དུ་སྨན་བཅོས་ཀྱི་སྤུས་ཚད་དང་། ནད་པའི་མྱོང་ཚོར། སྨན་ཁང་གི་དོ་དམ་བཅས་མཐོང་གཏོང་གི་བྱེད་སྒོ(གཤམ་དུ“མཐོར་གཏོང་གསུམ”གྱི་བྱེད་སྒོ་ཞེས་བསྡུ་རྒྱུ)སྤེལ་ཏེ་བོད་ལྗོངས་ཀྱི་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “མཐོར་གཏོང་གསུམ”གྱི་བྱེད་སྒོའི་ནང་ཕྱོགས་ལྔའི་ཐད་ཀྱི་ལས་དོན་ཚུད་ཡོད་པ་སྟེ། གཅིག་ནས་སྨན་བཅོས་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། རིག་ཚན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་དོན་གྱི་ལམ་སྲོལ་གསར་གཏོད་བྱེད་པ། འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྨན་བཅོས་ལག་རྩལ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བར་སྐུལ་ཁྲིད་བྱ་རྒྱུ་དང་། ལྟེ་བའི་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་ལུགས་མཐུན་ཞིབ་བཤེར་དང་། ལུགས་མཐུན་སྨན་སྦྱོར། ལུགས་མཐུན་སྨན་བཅོས་བཅས་བྱ་རྒྱུ་རེད། གཉིས་ནས་ནད་སྐྱོང་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། ཞིབ་ཚགས་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ནད་སྐྱོང་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། ནད་སྐྱོང་སྟོབས་ཤུགས་ཆེ་རུ་བཏང་ནས་ནད་ཁྲིའི་བསྡུར་ཚད་རིམ་བཞིན་མཐོ་རུ་གཏོང་རྒྱུ་རེད། གསུམ་ནས་ཞབས་ཞུའི་བརྒྱུད་རིམ་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཞིང་། སྨན་ཁང་གི་བཀོད་པ་ལེགས་སུ་གཏོང་བ་དང་། སྒུག་ཡུན་ཐུང་དུ་གཏོང་བ། དམངས་ལ་སྟབས་བདེ་བསྐྲུན་པའི་སྒྲིག་ཆས་མཁོ་འདོན་བྱེད་པ། སྨན་པ་བསྟེན་པའི་མྱོང་ཚོར་མཐོ་རུ་གཏོང་བ་བཅས་བྱ་རྒྱུ། སྨན་ཁང་དུ་ཞག་སྡོད་ཀྱི་ཞབས་ཞུ་དུས་ཐོག་ཏུ་ལེགས་སུ་གཏོང་བ་དང་རྒྱང་བསྟེན་སྨན་བཅོས་ཀྱི་ཞབས་ཞུར་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་རེད། བཞི་ནས་སྨན་ཁང་གི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཞིང་། ནང་ཁུལ་གྱི་བཅོས་སྐྱོང་གྲུབ་ཆ་ཚད་ལྡན་དུ་གཏོང་བ་དང་སྨན་ཁང་གི་འཁོར་སྐྱོད་ལས་ཕྱོད་ཆེ་རུ་གཏོང་རྒྱུ་རེད། ལྔ་ནས་ལས་རིགས་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་བར་རྒྱུན་མཐུད་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན་ཞིང་། ལས་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་སྨན་པའི་ཀུན་སྤྱོད་ལེགས་སུ་བཏང་སྟེ་སྨན་དོན་མི་སྣའི་ལས་གཉེར་རང་གཅུན་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།