[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས།

    གསར་འགྱུར་ཇ་སྟོན་ཚོགས་འདུ་འཚོགས་ནས་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་གླེང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-25

    ཚེས་22ཉིན་གྱི་སྔ་དྲོ། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་གསར་འགྱུར་ཇ་སྟོན་ཚོགས་འདུ་ཐེངས་154པ་འཚོགས་ཤིང་། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས“དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་དང་འཕོ་འགྱུར”ཞེས་པའི་བརྗོད་དོན་ལ་དམིགས་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་སྤེལ་རེས་བྱས་པ་རེད།

    ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཡུན་གྱིས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་ལེགས་སུ་ཤུགས་ཆེན་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་དབང་ཆ་ཟམ་མི་ཆད་པར་བརྟན་དུ་དང་ཆེ་རུ་ཕྱིན་ནས་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་རང་ས་ཁུལ་དང་རང་མི་རིགས་ཀྱི་ལས་དོན་ལ་རང་བརྟེན་དོ་དམ་བྱེད་པའི་ཁྲོད་འདྲ་མཉམ་ངང་ཞུགས་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་སུའོ་ཀྲང་བཀྲ་བློ་ཡིས་མཚོ་བོད་ས་མཐོ་ནི“འཛམ་གླིང་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཡིན་པ་དང་། བོད་ལྗོངས་ནི་ཀྲུང་གོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་རེད། མིག་སྔར་བོད་ཀྱི་སྐྱེ་ཁམས་མ་ལག་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་དང་། ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་སོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་བཀོད་པ་རགས་ཙམ་གྲུབ་པ། མི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁེ་དབང་ཟམ་མི་ཆད་པར་མཐོ་རུ་སོང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གི་སུའོ་ཀྲང་ལྷ་བྱམས་རྒྱལ་གྱིས་བོད་དུ་ཆོས་ལུགས་ཁག་དང་གྲུབ་མཐའ་ཁག་ཚང་མ་འདྲ་མཉམ་ཡིན་པ་དང་། དད་ལྡན་མང་ཚོགས་དང་ཆོས་ལ་དད་པ་མི་བྱེད་མཁན་གྱི་མང་ཚོགས་ལ་ལྟ་སྟངས་གཅིག་པ་འཛིན་གྱི་ཡོད། རྒྱལ་ཁབ་ཀྱིས་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་བཟོས་ཏེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་ཁྲིམས་ལྟར་སྲུང་སྐྱོང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།