[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རྩ་འཛུགས་པུས་བོད་ཀྱི་ཕུལ་བྱུང་གཞོན་ནུ་ཏང་ཡོན་གྱི་ངོ་འཕྲད་ཚོགས་འདུ་འཚོགས་ནས།

    དུས་རབས་གསར་པའི་གཞོན་ནུའི་འགན་འཁྲི་འཁུར་སེམས་མཉམ་དུ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-25

     ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རྩ་འཛུགས་པུས་འཚོགས་པའི་བོད་ཀྱི་ཕུལ་བྱུང་གཞོན་ནུ་ཏང་ཡོན་གྱི་ངོ་འཕྲད་ཚོགས་འདུ་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དུ་འཚོགས་ཤིང་། ལི་མིང་དབྱང་དང་། ཟླ་བ་མཚམས་གཅོད་། པད་མ་འཕྲིན་ལས། ཧོང་པིང་ཡུང་བཅས་ཕུལ་བྱུང་གཞོན་ནུ་ཏང་ཡོན་གྱི་འཐུས་མི་བཞིས་རང་ངོས་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་དུས་རབས་གསར་པའི་གཞོན་ནུའི་འགན་འཁྲིའི་བསམ་པ་མཉམ་སྤྱོད་བྱས་ནས་རྒྱ་ཆེའི་ཏང་ཡོན་ཚོར་མིག་དཔེ་བཟང་པོ་ཞིག་བཏོད་ཡོད།

    2021ལོར། “རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པའི”མཚན་སྙན་ཐོབ་པའི་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་གམ་པ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་མིང་དབྱང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་ནས་ལོ་14སོང་བ་དང་། ད་བར་གམ་པ་རྫོང་དུ་ལས་ཀ་བྱས་ནས་བསྡད།

    གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གནས་པའི་གམ་པ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཟིན་པ་དང་། རིམ་པ་8ཡན་གྱི་ལྷགས་པ་ཆེན་པོ་ལོ་ལྟར་ཉིན་200ལྷག་ཙམ་རྒྱག་གི་ཡོད། ཤ་སྤུས་དག་ལ་བྲོ་བ་ཞིམ་པའི་གམ་པའི་ལུག་ནི་གམ་པ་རྫོང་གི་དམིགས་བསལ་གྱི་ལེགས་ཆའི་ཐོན་ཁུངས་ཤིག་རེད། 2019ལོ་ནས་བཟུང་ལི་མིང་དབྱང་གིས་གྲོང་ཚོ་8ཀྱི་ཏང་ཀྲི་པུའུ་སྐུལ་སློང་བྱས་ཏེ་གམ་པའི་ལུག་གི་མཉམ་ལས་ཁང་བཙུགས་ནས“ཏང་འཛུགས་སྐྱོང་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་མཐའ་འཁྱོངས་བྱས་ཏེ། ཁ་ཐོར་དུ་གནས་པའི་དུད་ཚང་དབུལ་པོ་སྒྲིག་འཛུགས་བྱས་ནས་ཏང་ཡོན་195ཡིས་དུད་ཚང་དབུལ་པོ་148མ་རྐང་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ་རེད། མིག་སྔར་གམ་པ་གྲོང་རྡལ་དུ་ཡོང་འབབ་སྒོར་ཁྲི་བརྒྱ་ལྷག་ཙམ་ཟིན་པའི་མཉམ་ལས་ཁང་4ཡོད་པ་དང་། 2021ལོར་མ་རྐང་ནང་ཞུགས་མཁན་ཧྲེ་ཡོན་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4500བྱུང་ཡོད་པ་རེད།

    ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་སྒྲིག་བཤེར་ལྟ་ཞིབ་ཁང་གི་ཀྲུའུ་རེན་ཟླ་བ་མཚམས་གཅོད་2012ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། བྱང་རྩྭ་ཐང་དུ་ལོ་15ཙམ་ལས་ཀ་བྱས་ནས་བསྡད། ཏང་ཡོན་ཞིག་གི་ངོས་ནས་ཁོང་གིས་མི་སེར་ལ་བྱ་བ་དངོས་སྒྲུབ་པ་དང་ཁོང་ཚོའི་དཀའ་གནད་སེལ་བའི་ལས་ཀ་ཡིན་ཚེ་དཀའ་ངལ་ག་ཚོད་འཕྲད་རུང་བྱེད་རིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། འཁོར་ཞག་ལ་སྐྱོད་མཁན་ཡིན་པའི་ཟླ་བ་མཚམས་གཅོད་ཀྱིས་རང་འགུལ་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྲལ་བཤེར་ཚོགས་ཆུང་ནང་ཞུགས་རྒྱུའི་རེ་བ་བཏོན་ནས་རྒྱུན་དུ་ཐོ་རེངས་ཆུ་ཚོད་གསུམ་པ་བཞི་པ་ཙམ་བར་ལས་ཀ་བྱས་ནས་སྡོད་ཀྱི་ཡོད་པས་ཉིན་ལྟར་ཆ་སྙོམས་གཉིད་ཆུ་ཚོད་5ཡང་ཁུག་ལོང་མེད་པ་རེད། ལོ་ཕྱེད་ནང་ཁྱོན་རླངས་འཁོར་ཐེངས་70040དང་མི་188425ལ་གྲལ་བཤེར་བྱས་པ་དང་། མི་148ལ་ཕྱིར་ལོག་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱས་པ། ཟོག་འདྲེན་རླངས་འཁོར་938ལ་ཐོགས་མེད་བགྲོད་ལམ་བཏོད་་ཡོད། ཉིན་རེར་ཆ་སྙོམས་ཁ་པར་ཐེངས་300ལྷག་ཙམ་རྒྱག་བླངས་བྱས་པའི་ཁར། དུས་ཡུན་རིང་པོར་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་ཁོར་ཡུག་ཁྲོད་དུ་ཐེག་ཚད་ལས་བརྒལ་བའི་ལས་ཀ་བྱས་པ་ལས་ཁོ་མོའི་རྣ་བར་རྣག་བསགས་པ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀ་མཚམས་འཇོག་ཐབས་མེད་པས་ནད་གཞི་དུས་ཐོག་ཏུ་སྨན་བཅོས་མ་ཐུབ་པའི་དབང་གིས་རྣ་སྐྱི་བརྡོལ་ནས་རྣ་ཤེས་རིམ་བཞིན་ཉམས་པ་དང་ད་ཆ་ཟླ་བ་མཚམས་གཅོད་ཀྱི་རྣ་གཡོན་མ་སྤྱིར་འོན་གྲབས་ཡོད་པ་རེད།

    2020ལོར་གློ་བུར་དུ་ཐོན་པའི་རིམས་ནད་ཀྱིས་འཆར་ཉེར་ཡོད་པའི་དཔྱིད་གསར་དུས་ཆེན་ལ་ཤུགས་རྐྱེན་ཆེན་པོ་བཟོ་བ། རྒྱལ་ཡོངས་ས་གནས་ཁག་གིས་སྨན་བཅོས་རུ་ཁག་330ལྷག་ཙམ་དང་སྨན་དོན་མི་སྣ་ཁྲི་4ལྷག་ཙམ་མངགས་ནས་ཧུའུ་པེར་འཕྲལ་དུ་རོགས་སྐྱོར་བྱས་པ་རེད། རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཞིབ་བཤེར་སུའོ་ཡི་ཐོག་མའི་ཞིབ་དཔྱད་པ་པད་མ་འཕྲིན་ལས་ཀྱིས་བོད་ཀྱི་རོགས་སྐྱོར་རུ་ཁག་གི་བློ་མཐུན་གཞན་གཉིས་དང་མཉམ་དུ་འཕྲལ་མར་བསྡུ་རུབ་བྱས་པའི་N95ཡི་ཁ་རས་5000དང་། སྨན་བཅོས་འགོག་སྲུང་གྱོན་ཆས་ཆ་ཚང་100 སྨན་བཅོས་འགོག་སྲུང་མིག་ཤེལ200 དེ་བཞིན་བོད་སྨན་སོགས་ཀྱི་དངོས་ཟོག་བདེ་འཇགས་ངང་ཧུའུ་པེ་ཝུའུ་ཧན་གྱི་རིམས་འགོག་གི་འཐབ་ས་དང་པོར་བསྐྱལ་བ་མ་ཟད། ཝུའུ་ཧན་ཧོང་ཕི་ཆུས་སུ་རིམས་དཔྱད་ལས་དོན་ནང་ཧུར་ཐག་ཞུགས་པ་རེད། 2020ལོའི་ཟླ་3ཚེས་10ཉིན། པད་མ་འཕྲིན་ལས་རིམས་འགོག་གི་འཐབ་ས་དང་པོར་གཟི་བརྗིད་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་རེད།

    རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དམངས་གཅེས་དཔེ་བཟང་དང་། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཆབ་སྲིད་ཨུ་ཡོན་ཧོང་པིང་ཡུང་གིས་བརྩེ་སེམས་མང་ཚོགས་ལ་བཅངས་ནས་ཞབས་འདེགས་ཞུས་པ་དང་། རྒུ་ཤང་མངགས་གཏོང་ཁང་དུ་ཐེམ་ཐོ་དང་བདེ་འཇགས་སོགས་ཀྱི“གཅིག་འཐུས་རྣམ་པའི”དམངས་ཕན་ཞབས་ཞུའི་སྐར་ཁུང་ལྔ་བཙུགས་ནས“མངགས་གཏོང་ཁང་དུ་སྐྱོད་ཐེངས་གཅིག་དང་། དཔྱད་གཞི་སྐྱེལ་ཐེངས་གཅིག ལས་དོན་སྒྲུབ་ཐེངས་གཅིག”བཅས་ཀྱི་དམངས་ཕན་བྱ་ཐབས་ལ་སྐུལ་འདེད་བཏང་བ་དང་། “དྲ་མིག་དང་ཕྱོགས་བསྡུས་བཅོས་སྐྱོང་ཟུང་འབྲེལ”གྱི་ལས་ཀའི་རྣམ་པ་གསར་གཏོད་དང་ཁྱབ་གདལ་བཏང་ནས། ཤང་རིམ་པའི་བརྟན་ལྷིང་སྲུང་སྐྱོང་དང་མཉམ་འགོག་གི་འཕྲལ་སྡོམ་རུ་ཁག་དང་། འཕྲལ་རྐྱེན་ཐག་གཅོད་རུ་ཁག གདོང་ལེན་རུ་ཁག་བཅས་9བཙུགས་པ་རེད།

    ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ཧོང་པིང་ཡུང་གིས་མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་དེ་དྲ་མིག་གི་ཉེན་དོན་ཞབས་ཞུའི་དོ་དམ་བྱེད་སྟངས་ལ་བརྟེན་ནས་དུད་ཚང་264ཡི་མི་886ལ་གྲལ་བཤེར་བྱས་པ་དང་། དྲིལ་བསྒྲགས་སློབ་གསོ་ཐེངས་100ལྷག་ཙམ་བརྒྱབ་པ་དེ་མང་ཚོགས་1600ལྷག་ཙམ་ལ་ཁྱབ་པ། རིམས་འགོག་དངོས་ཟོག་1500ལྷག་ཙམ་མཐུན་སྦྱོར་ངང་སྤྲད་པ། རིམས་ནད་མཆེད་ལམ་མཐའ་གཅིག་ཏུ་འགོག་པ་བཅས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།