[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོཌ་སྐབས་ལྔ་པའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་ཚོཌ་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-23

    ཚེས་21ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ། ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བྱས་ནས་སྐུལ་འདེད་བཏང་བ་རེད།

    ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པ་གཉེར་རྒྱུ་ནི་རྩལ་འགྲན་ལུས་རྩལ་དང་། མང་ཚོགས་ཀྱི་ལུས་རྩལ། སྲོལ་རྒྱུན་ལུས་རྩལ། ལུས་རྩལ་གྱི་རིག་གནས། ལུས་རྩལ་གྱི་ཐོན་ལས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་ཞིང་། དེས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་མངགས་བཅོལ་བློ་ལ་བརྟན་པོར་འཆང་བ་དང་བཀའ་དྲིན་ཚོར་བཞིན་རྒྱང་ལམ་གསར་པར་འབད་འབུངས་བྱེད་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱེད་པ་དང་། “འཛུགས་གཏོད་བཞིར”སྐུལ་འདེད་ནུས་ལྡན་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་སྟབས་བདེ་བ་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་བླང་བྱར་དམིགས་ཏེ་ཚད་མཐོའི་འགན་འཁྲི་འཁུར་བའི་སྙིང་སྟོབས་དང་། ཡག་ཐོག་ཡག་བརྩེགས་ཀྱི་རྣམ་འགྱུར། བདེ་འཇགས་འགན་ལེན་གྱི་བྱ་སྤྱོད་དངོས་བཅས་ལ་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་ནུས་ཆེའི་ངང་གྲ་སྒྲིག་སྒྲིག་འཛུགས་ཀྱི་ལས་འགན་ཁག་ལེགས་སྒྲུབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཧུར་ཐག་འབུལ་དགོས་པའི་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།