[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

    (1921ལོའི་ཟླ་7པ་ནས་2021ལོའི་ཟླ་6པ་བར)

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-23

    1994ལོ།

    ★ ཟླ་1ཚེས་11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཕྱི་ཕྱོགས་ཚོང་དོན་གྱི་སྒྲིག་སྲོལ་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བཀྲམ་པ།

    ★ ཟླ་1ཚེས་24ཉིན། ཅང་ཙེ་མིན་གྱིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུར་གསུང་བཤད་གནང་སྐབས། དྲིལ་བསྒྲགས་བསམ་བློའི་ལས་དོན་གྱིས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་མིར་དྲག་ཆས་སྤྲོས་པ་དང་། ཡང་དག་པའི་གླེང་ཕྱོགས་ཀྱིས་མིར་ཁྲིད་སྟོན། བླ་ན་མེད་པའི་སྙིང་སྟོབས་ཀྱིས་མི་གསོ་སྐྱོང་། ཕུལ་བྱུང་བརྩམས་ཆོས་ཀྱིས་མིར་སྐུལ་མ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།

    ★ ཟླ་2ཚེས་28ནས་ཟླ་3ཚེས་3ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་འཚོགས་པ།

    ★ ཟླ་3ཚེས་19ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་གཉིས་པར《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》(བཟོ་བཅོས་འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

    ★ ཟླ་3ཚེས་22ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་གཉིས་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ།

    ★ ཟླ་3ཚེས་25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར《ཀྲུང་གོའི་དུས་རབས་21པའི་གྲོས་རིམ》ལ་གྲོས་འཆམ་བྱུང་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་རྒྱུའི་གཏན་འཁེལ་བྱས་པ།

    ★ ཟླ་7ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ།

    ★ ཟླ་7ཚེས་20ནས་23ཉིན་བར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། ཚོགས་འདུར་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་ཐུགས་ཁུར་དང་རྒྱལ་ཡོངས་ས་གནས་ཁག་གིས་བོད་ལ་རོགས་སྐྱོར་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་ཡོད། དེ་རྗེས་ཀྲུང་དབྱང་གིས་རྒྱུན་ཆད་མེད་པར་བྱེད་ཐབས་ནུས་ལྡན་སྤྱད་དེ་བོད་ཀྱི་དེང་རབས་ཅན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད།

    ★ ཟླ་8ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གིས《རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལག་བསྟར་རྩ་གནད》བཀྲམ་པ།

    ★ ཟླ་8ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་གིས《སློབ་གྲྭའི་ཀུན་སྤྱོད་ཀྱི་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ལས་དོན་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ།

    ★ ཟླ་9ཚེས་25ནས་28ཉིན་བར། ཀྲུང་གུང་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ལ《ཏང་འཛུགས་སྐྱོང་ལེགས་སུ་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས་ཏང་འཛུགས་སྐྱོང་འདུ་འགོད་རླབས་ཆེན་གསར་པའི་མཐོ་ཚད་དུ་བཞག་ཡོད།

    (རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང) (མུ་མཐུད་འགོད་རྒྱུ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།