[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ས་མཐོའི་མི་དམངས་ཀྱི་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་བ།

    —— ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གི་ལས་དོན་རུ་ཁག་ཁག་བཅུ་པས་སེམས་ནུས་ཡོད་རྒུས་ཁ་གཏད་རོགས་སྐྱོར་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-21

    2021ལོའི་ཟླ་4ཚེས་19ཉིན། ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་དོན་གཅོད་ཁྲུའི་སྨན་ཁང(གཤམ་དུ་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་ཞེས་བསྡུ་རྒྱུ)གི་ལས་དོན་རུ་ཁག་ཁག་བཅུ་པའི་མཛུབ་ཁྲིད་འོག ཨ་མདོ་རྫོང་མི་དམངས་སྨན་ཁང་གིས་CTབརྟག་དཔྱད་ཐོག་མ་དེ་བདེ་བླག་ངང་བྱས་པ་ལས་ཨ་མདོ་རྫོང་མི་དམངས་སྨན་ཁང་གི་ཁྱབ་ཁོངས་དེའི་སྟོང་ཆ་བསྐངས་ཡོད་པ་རེད།

    འདི་ལོ་ནི་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གིས་ཨ་མདོ་རྫོང་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་དྲུག་པ་དེ་རེད། རོགས་སྐྱོར་སྨན་བཅོས་རུ་མི་ཁག་དང་ཁག་གིས་བརྩེ་སེམས་ཟབ་མོ་དང་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ནས་ཁྲེང་ཏུའུ་ནས་ཨ་མདོར་བསྐྱོད། “རྒྱུད་རོགས་ཁྲིད”གསུམ་གྱི་རྣམ་པ་བརྒྱུད། ཨ་མདོ་རྫོང་གི་ཤང་དང་གྲོང་རྡལ་གྱི་སྨན་དོན་མི་སྣའི་བྱང་ཚད་དང་ཆུ་ཚད་མཐོ་རུ་བཏང་བ་དང་། འབྲོག་ཁུལ་གྱི་འཕྲོད་བསྟེན་དོ་དམ་ནུས་པ་ཆེ་རུ་བཏང་སྟེ་འབྲོག་པ་མང་ཚོགས་ཚོར་རང་ཁྱིམ་གྱི་སྒོ་འགྲམ་དུ་དེ་བས་བདེ་འཇགས་དང་། ནུས་ལྡན། སྟབས་བདེ། མྱུར་པོ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་འདེགས་ཞུས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་ལག་ལེན་བསྟར་ཡོད།

    2021ལོའི་ཟླ་12ཚེས་6ཉིན། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་རུ་མི་6ཨ་མདོ་རྫོང་མི་དམངས་སྨན་ཁང་དུ་བདེ་བླག་ངང་འབྱོར་ནས་དུས་ཡུན་ཟླ་བ་6གི་རོགས་སྐྱོར་ལས་དོན་སྤེལ་བ་རེད།

    ཨ་མདོར་འབྱོར་བའི་ཉིན་དང་པོར། རུ་མི་ཚོས་ས་བབ་མཐོ་བའི་དབང་གིས་གཟུགས་པོ་མི་འཕྲོད་པ་སོགས་ཁྱད་བསད་བྱས་ཏེ་རྩིས་སྤྲོད་རྩིས་ལེན་གྱི་ལས་ཀ་བདེ་བླག་ངང་ལེགས་སྒྲུབ་བྱུང་བ་རེད།

    ལས་དོན་རུ་མི་ཚོས་རང་འགུལ་ངང་ཨ་མདོ་རྫོང་སློབ་གསོ་ཅུས་དང་འབྲེལ་བ་བྱས་ནས་ཨ་མདོ་རྫོང་སློབ་ཆུང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    ལས་དོན་རུ་མི་ཚོས་ཨ་མདོ་རྫོང་མི་དམངས་སྨན་ཁང་དུ་CTབརྟག་དཔྱད་ཐོག་མ་དེ་བྱས་ནས་ཨ་མདོ་རྫོང་མི་དམངས་སྨན་ཁང་གི་CTབརྟག་དཔྱད་ཀྱི་སྟོང་ཆ་བསྐངས་བ་རེད།

    ལས་དོན་རུ་མི་ཚོས་ད་དུང་བྲག་སྨུག་གྲོང་རྡལ་འཕྲོད་བསྟེན་ཁང་དང་། རྒན་གསོ་ཁང་། བྲག་སྨུག་གི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་བཅས་སུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བར་བསྐྱོད་དེ་ཉིན་གང་མི་300ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་སྨན་རིན་སྒོར་6000ལྷག་ཙམ་རི་བའི་སྨན་རིན་མེད་ངང་སྤྲད་པས་མང་ཚོགས་ཚོས་སྒོ་འགྲམ་དུ་གཞི་རྩའི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པ་རེད།

    བྱིས་པ་ཚོའི་བདེ་ཐང་སྲུང་ཆེད། ཨ་མདོ་རྫོང་གི་བུ་བཅོལ་ཁང་དང་པོར་ལས་དོན་རུ་མི་ཚོས་དབུགས་ལམ་གྱི་ནད་དང་འཚིག་རྨས་སོགས་བྱིས་པའི་རྒྱུན་མཐོང་གི་ཐོལ་བྱུང་ནད་གཞིར་དམིགས་ཏེ། དགེ་རྒན་དང་ཁྱིམ་བདག་ཚང་མར“འཕྲལ་སྡོམ་སེམས་ལ་བཅངས། སྔོན་འགོག་ལག་བསྟར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བདེ་ཐང་མྱུར་སྐྱོབ་ཀྱི་ཆེད་དོན་གསོ་སྦྱོང་བྱས་པ་རེད།

    ཟླ་6ཚེས་1ཉིན། ཨ་མདོ་རྫོང་གིས་རོགས་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ལས་དོན་རུ་ཁག་ལ“སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། རུ་མི་མི་རེ་ངོ་རེར་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ལག་ཁྱེར་ཐོབ་པ་མ་ཟད། ད་དུང་ཨ་མདོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཅུན་ཐའོ་ཡི་བསྔགས་བརྗོད་ཀྱང་ཐོབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།