[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བསྡུས་གསལ་གསར་འགྱུར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-21

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དང་རྒྱ་ཚ་རྫོང་གི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་སུ་བརྟག་ཞིབ་གནང་བར་ཕེབས་ནས། སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤེལ་ཚུལ་དང་རྫོང་རིམ་པའི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་གཞི་བཀོད་སྒྲིག་དང་དེ་བཞིན་ནང་ཁུལ་སྒྲིག་གཞི་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་རང་སྐྱོང་ལྗོངས་ཀྱི་དཔྱད་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས། 2022ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་དཔྱད་བསྡུར་ལས་དོན་ཞིབ་ཚགས་སུ་གཏོང་བར་བཀོད་སྒྲིག་གནང་བ་རེད།

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་རུ་སྣེ་ཁྲིད་དེ་ས་གནས་ས་ཐོག་ཏུ་བོད་ཀྱི་མཐོ་རྒྱུགས་ཀྱི་རྒྱུགས་བཅོས་ལས་དོན་ལ་སྐོར་གཟིགས་གནང་བ་རེད།

    རྒྱུགས་བཅོས་དོ་དམ་གཞུང་དོན་ཁང་དང་ཚན་ཁག་ཁག་གི་རྒྱུགས་བཅོས་སར་སྐོར་གཟིགས་ཚོགས་ཆུང་གིས་རྒྱུགས་བཅོས་ཀྱི་བརྒྱུད་རིམ་དང་། སྐར་འགོད་ཚད་གཞི། གསང་སྲུང་བྱེད་ཐབས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། རྒྱུགས་བཅོས་ལས་དོན་ནང་ཞུགས་མཁན་གྱི་དགེ་རྒན་དང་ལས་དོན་མི་སྣར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་རེད།

     ཉིན་ཤས་གོང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྷ་ས་ལྷོ་རི་བྱང་རི་སྔོ་ལྗང་ཅན་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་དང་། གཞུང་དོན་ཁང་གི་ཀྲུའུ་རེན་འཇམ་དཔལ་གྱིས་རུ་སྣེ་ཁྲིད་དེ་ལྕགས་པོ་རིའི་ནགས་བཟོ་ཁུལ་དང་། ལྷ་ས་གངས་རྒོད་སྤྱི་སྤྱོད་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སི། ཆར་དུས་མི་ཐབས་སོན་གཏོར་ཚན་ཞིབ་དཔེ་སྟོན་རྣམ་གྲངས་འཛུགས་སྐྲུན་ཁུལ་སོགས་སུ་ཕེབས་ནས་ནགས་བཟོ་ས་ཚིགས་ཀྱི་རྣམ་གྲངས་ཀྱི་འཕེལ་རིམ་དང་། 2022ལོའི་སོན་གཏོར་ནགས་བཟོའི་ས་བོན་གྲ་སྒྲིག མི་ཐབས་སོན་གཏོར་གྱི་འཕེལ་རིམ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།