[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྤྱི་སྤྱོད་རླངས་འཁོར་གྱིས་ལྷ་སའི་འཕོ་འགྱུར་གྱི་དཔང་པོ་བྱེད།

    ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་དགོས་མཁོའི་ཁྲོད་འཕེལ་རྒྱས་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-10

    2415731_huangzy_1654617600000_s.jpg

    ཕོ་བྲང་པོ་ཏ་ལའི་ཐང་ཆེན་ནས་སྐྱོད་བཞིན་པའི་ལྗང་མདོག་ནུས་རྒྱུ་གྲོན་ཆུང་གི་སྤྱི་སྤྱོད་རླངས་འཁོར་ཡིན་པ།

    2415733_huangzy_1654617600000_s.jpg

    ཁོར་ཡུག་སྲུང་སྐྱོང་དང་ནུས་རྒྱུ་གྲོན་ཆུང་གི་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་ལ་གློག་གསོག་བཞིན་པ།

    2415739_huangzy_1654617600000_s.jpg

    གྲོང་མིས་གཙང་ཞིང་སྐྱིད་སྣང་དོད་པའི་སྤྱི་སྤྱོད་རླངས་འཁོར་ལ་སྡོད་བཞིན་པ།

    2415729_huangzy_1654617600000_s.jpg

    རིག་ནུས་འཕྲུལ་ཆས་ཀྱིས་སྤྱི་སྤྱོད་རླངས་འཁོར་ལ་གཙང་སྦྲ་དང་དུག་སེལ་བྱེད་བཞིན་པ།

    2415735_huangzy_1654617600000_s.jpg

    གསར་དུ་སྐྲུན་པའི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ཡིན་པ།

    2415737_huangzy_1654617600000_s.jpg

    འགྲུལ་པས་ལག་ཐོགས་ཁ་པར་ནས་སྤྱི་སྤྱོད་རླངས་འཁོར་དུས་ཐོག་ཏུ་བབས་ཚུགས་སུ་འབྱོར་མིན་གྱི་ཆ་འཕྲིན་བལྟ་བཞིན་པ།

    2415741_huangzy_1654617600000_s.jpg

    སྤྱོད་འགོ་ཚུགས་པའི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཡིན་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་ལ་འཕེལ་རྒྱས་བྱུང་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ་དང་། ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། གྲོང་མིའི་ཕྱིར་སྐྱོད་ཀྱི་དགོས་མཁོ་ཤུགས་ཆེན་བསྐངས་བ་བཅས་བྱས་པས། གྲོང་མི་མང་པོ་ཞིག་གིས་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་གྱིས་ཁོང་ཚོའི་འཚོ་བར་སྟབས་བདེ་བསྐྲུན་པར་མྱོང་ཚོར་ཟབ་མོ་བྱུང་ཡོད།

    སྤྱི་སྤྱོད་རླངས་འཁོར་སྔོན་ལ་གཏོང་བ་དང་ལྗང་མདོག་ཕྱིར་སྐྱོད་བྱས་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་འགག་པའི་སྣང་ཚུལ་ཞི་ལྷོད་དུ་བཏང་བ།

    ལྷ་ས་གྲོང་ཁྱེར་དུ་རླངས་འཁོར་ཇེ་མང་དུ་སོང་བ་དང་བསྟུན་ནས་འགྲིམ་འགྲུལ་འགག་པའི་སྣང་ཚུལ་ཡང་མང་པོ་ཐོན་བཞིན་ཡོད། འགྲོ་ལམ་འགྲིམ་འགྲུལ་འགག་པའི་སྣང་ཚུལ་ཐག་གཅོད་ནུས་ལྡན་བྱེད་པ་དང་། འགྲོ་ལམ་འགྲིམ་འགྲུལ་གྱི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ། སྤྱི་པའི་འགྲིམ་འགྲུལ་ཤར་བགྲོད་ཐུབ་ཚད་མཐོ་རུ་གཏོང་བ། གྲོང་མིའི་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་པ་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་དངོས་སུ་སྤྱོད་འགོ་ཚུགས་ཡོད།

    འདི་ལོ་ལོ་65ལ་སླེབས་པའི་པ་སངས་སྒྲོལ་དཀར་རྒན་ཡོལ་ཞུས་པ་ནས་བཟུང་སྤྱི་སྤྱོད་རླངས་འཁོར་སྡོད་རྒྱུར་དགའ་པོ་ཡོད་ཅིང་། ཁོང་གིས་དགའ་ཚོར་ཆེན་པོས“དེ་སྔོན་ལས་ཀར་འགྲོ་སྐབས་སྐབས་རེ་དུས་ཚོད་ཛ་དྲག་པས་རླངས་འཁོར་གླས་ནས་ལས་ཁུངས་ལ་འགྲོ་ཡི་ཡོད་ལ། ཕྲུ་གུ་བསུ་སྐྱེལ་བྱེད་སྐབས་ཀྱང་ཕྱི་འབྱོར་ལུས་གྲབས་བྱེད་པས་རླངས་འཁོར་གླས་ནས་འགྲོ་ཡི་ཡོད། ད་ཆ་བྲེལ་བ་དེ་ཙམ་མེད་པས་སྤྱི་སྤྱོད་རླངས་འཁོར་བསྡད་ཚེ་སྟབས་བདེ་ལ་ཁོར་ཡུག་ལའང་སྲུང་སྐྱོང་ཐུབ་ཀྱི་འདུག”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་སྤྱོད་རླངས་འཁོར་སྔོན་ལ་གཏོང་བ་དང་ལྗང་མདོག་ཕྱིར་སྐྱོད་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། “གཅིག་རེ་ལྔའི”འདུ་འགོད་ལག་བསྟར། སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་དྲ་བ་འཛུགས་པ། གྲོང་ཁྱེར་གྱི་འགྲིམ་འགྲུལ་བཅོས་སྒྲིག་དང་སྤྱི་སྤྱོད་རླངས་འཁོར་སྔོན་ལ་འཕེལ་རྒྱས་གཏོང་བའི་ཐབས་ཇུས་ལེ་ལག་ཚང་བའི་ངང་འདོན་པ། ལྷ་སའི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་གྱི་ལམ་ཐིག་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱས་པས། གྲོང་ཁྱེར་གྱི་འགྲིམ་འགྲུལ་འགག་པའི་སྣང་ཚུལ་ཞི་ལྷོད་དུ་ཕྱིན་ཡོད།

    རིག་ལྡན་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་བཏོད་ནས་གྲོང་

    ཁྱེར་གྱི་ཕྱིར་སྐྱོད་ཐད་སྟབས་བདེ་བསྐྲུན་པ།

    སྤྱི་སྤྱོད་རླངས་འཁོར་ག་དུས་བབས་ཚུགས་ལ་འབྱོར་བ་དང་། སྤྱི་སྤྱོད་རླངས་འཁོར་བསྡད་དེ་ལམ་ཐིག་ག་ནས་བསྐྱོད་ཚེ་དེ་བས་སྟབས་བདེ་ཡོད་མེད་སོགས་ནི་སྤྱི་སྤྱོད་རླངས་འཁོར་སྡོད་མཁན་གྱི་གྲོང་མི་ཚོས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཡིན་ངེས་རེད། ཉེ་ཆར་གྲོང་མི་འགའ་ཤས་ཀྱིས་ལྷ་སའི་གྲོང་ཁུལ་དུ་རིག་ལྡན་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་གསར་པ་མི་ཉུང་བ་ཤིག་ཡོད་པ་ཤེས་རྟོགས་བྱུང་བ་དང་། རིག་ལྡན་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ཀྱིས་རླངས་འཁོར་སྒུག་སའི་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། གྲོང་མི་རྣམས་ཀྱི་ཕྱིར་སྐྱོད་ལའང་དེ་བས་སྟབས་བདེ་བསྐྲུན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་ཟླ་7པའི་ཟླ་དཀྱིལ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་བསྐྱར་སྐྲུན་བྱེད་འགོ་ཚུགས་ཤིང་། གཙོ་བོ་སྔོན་ཐོན་གྱི་ལག་རྩལ་སྤྱད་དེ་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་དྲ་བའི་འཆར་འགོད་དང་། སྤྱི་སྤྱོད་རླངས་འཁོར་གྱི་ལྟ་འདོམས་བཀོད་གཏོང་། སྤྱི་སྤྱོད་རླངས་འཁོར་གྱི་ཆ་འཕྲིན་ཡོངས་བསྒྲགས་སོགས་ཆ་འཕྲིན་ཅན་དང་རིག་ནུས་ཅན་དུ་འགྱུར་བ་བརྒྱུད་སྤྱི་སྤྱོད་རླངས་འཁོར་མ་ལག་གི་འཁོར་སྐྱོད་ཐུབ་ཚད་དང་། ཞབས་ཞུའི་སྤུས་ཚད། བློ་ཡིད་ཚིམ་ཚད་བཅས་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། རིག་ལྡན་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་རིམ་སྤོར་བྱུང་ནས་གསར་རྐྱང་དུ་འགྱུར་བ་མ་ཟད། སྲོལ་རྒྱུན་གྱི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་དང་བསྡུར་ན་ཚན་རྩལ་འདུས་ཚད་དེ་བས་མང་བ་ཡོད། སྒྱུར་བཀོད་རིམ་སྤོར་བྱས་རྗེས་ཀྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ནི་གློག་རྡུལ་གྱི་ས་ཚིགས་མཚོན་རྟགས་བསྒར་བ་དེ་རེད། གློག་རྡུལ་གྱི་ས་ཚིགས་མཚོན་རྟགས་ཀྱིས་GPSངེས་གནས་དང་གྲངས་གཞི་དུས་ཐོག་ཏུ་སྐྱེལ་བ་སོགས་ཀྱི་ལག་རྩལ་གང་ལེགས་སྤྱད་དེ་LEDབརྙན་ཤེལ་ཐོག་ཟླ་ཚེས་དང་། ཆུ་ཚོད། དེ་བཞིན་འབྲེལ་ཡོད་ལམ་ཐིག་གི་སྤྱི་སྤྱོད་རླངས་འཁོར་དང་བབས་ཚུགས་དེའི་དབར་གྱི་ལམ་ཐག་སོགས་ཀྱི་ཆ་འཕྲིན་གསལ་པོར་མངོན་གྱི་ཡོད་སྟབས། འགྲུལ་པ་ཚོས་རང་ཉིད་སྡོད་དགོས་པའི་རླངས་འཁོར་གྱི་ངེས་གནས་ཤེས་པ་དང་། རླངས་འཁོར་གཏན་འཁེལ་གྱི་དུས་ཚོད་ནང་སླེབས་པས་གྲོང་མིའི་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་ཡོད་པ་རེད།

    བབས་ཚུགས་ཆེ་མོའི་མགྱོགས་ལམ་དང་ཤར་གཏོང་རླངས་འཁོར་སོགས་སྤྱད་ནས་གེགས་མེད་ངང་རླངས་འཁོར་དུ་སྡོད་ཐུབ་པ་བྱུང་བ།

    2021ལོའི་ཟླ་8ཚེས་3ཉིན། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཀུང་སིས་ལྷ་ས་སྤྱི་སྤྱོད་རླངས་འཁོར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་Bཁུལ་གྱི་སྤྱི་སྤྱོད་རླངས་འཁོར་ཐོན་ཚུགས་དང་འབྱོར་ཚུགས་སྤྱོད་འགོ་ཚུགས་པ་དང་བབས་ཚུགས་ཆེ་མོའི་མགྱོགས་ལམ་ཤར་གཏོང་ཐུབ་པའི་མཛད་སྒོ་འཚོགས་པ་རེད། དེའི་དམིགས་ཡུལ་ནི་གྲོང་ཁྱེར་གྱི་ཚོགས་སྒྲིག་དབར་དང་ཆུས་སྒྲོལ་ནས་འགྲོ་སྐྱོད་བྱེད་པའི་རྒྱ་ཆེའི་མང་ཚོགས་ཚོར་མྱུར་ལ་སྟབས་བདེ་བའི་སྤྱི་པའི་འགྲིམ་འགྲུལ་གྱི་ཞབས་འདེགས་ཞུ་བ་དང་། མང་ཚོགས་ཀྱི་སྣ་མང་ཅན་གྱི་འགྲོ་སྐྱོད་དགོས་མཁོ་འཚམ་མཐུན་ཡོང་བ་བྱེད་པ། རླངས་འཁོར་མང་བའི་དུས་ཀྱི་གཞུང་ལམ་ཨ་མ་དང་ལམ་ཕྲན་གྱི་གནོན་ཤུགས་ཆུང་དུ་གཏོང་བ་བཅས་བྱ་ཆེད་རེད། བབས་ཚུགས་ཆེ་མོའི་མགྱོགས་ལམ་གྱི་རླངས་འཁོར་དང་རྒྱུན་གཏན་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ཚོན་མདོག་འདྲ་ཡི་མེད། ལམ་ཐིག་གི་མིང་དུ“མགྱོགས་ལམ”རླངས་འཁོར་ལ་དབྱིན་ཡིག“K”བཀོད་ཡོད་པ་དང་། “ཤར་གཏོང་རླངས་འཁོར”ཡིན་ན་རླངས་འཁོར་ལ་དབྱིན་ཡིག“Z”བཀོད་ཡོད་པ་རེད། གཉེར་སྐྱོང་དུས་ཚོད་རྒྱུན་གཏན་གྱི་སྤྱི་སྤྱོད་རླངས་འཁོར་གཞིར་བཟུང་དབྱར་ཁ་དང་དགུན་ཁའི་དུས་ཚོད་ལྟར་གཉེར་སྐྱོང་བྱེད་ཀྱི་ཡོད་པ་རེད། གཉེར་སྐྱོང་བྱེད་རིང་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ཚང་མར་ཁ་བཀག་གི་མེད་པར་བབས་ཚུགས་ཆེ་བ་ཁག་གཅིག་ལ་བཀག་གི་ཡོད། དེས་གྲོང་ཁྱེར་གྱི་འགྲོ་ལམ་འགག་པའི་སྣང་ཚུལ་ཞི་ལྷོད་དུ་ཕྱིན་ཏེ་མང་ཚོགས་ཀྱི་འགྲོ་སྐྱོད་ཀྱི་དགོས་མཁོ་མི་འདྲ་བ་ཡག་པོ་སྐོང་ཐུབ་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། སྤྱི་སྤྱོད་རླངས་འཁོར་དེ་རིགས་ལ་གེགས་མེད་འགྲོ་སྐྱོད་རྐང་སྟེགས་སྒྲིག་སྦྱོར་བྱས་ཡོད། རྐུབ་སྟེགས་འཁོར་ལོ་ཅན་དང་ཕྲུ་གུ་དམར་འབྱར་བླུགས་ས་སོགས་རླངས་འཁོར་གྱི་རྐང་སྟེགས་བརྒྱུད་བླུགས་ན་འགྲིག་པ་མ་ཟད། ད་དུང་དབང་པོ་སྐྱོན་ཅན་གྱི་ཆེད་སྤྱོད་རྐུབ་སྟེགས་དང་རྐུབ་སྟེགས་འཁོར་ལོ་ཅན་འདོགས་ས་སོགས་ཆེད་སྤྱོད་སྒྲིག་ཆས་ཀྱང་བཀོད་སྒྲིག་བྱས་ཡོད་པས། འགྲོ་སྐྱོད་སྟབས་བདེ་མེད་པའི་དབང་པོ་སྐྱོན་ཅན་དང་རྒན་རྒོན་སོགས་ལ་སྤྱི་འཁོར་དུ་སྡོད་སྐབས་སྟབས་བདེ་བསྐྲུན་ཐུབ།

    གཞན་ཡང་སྤྱི་སྤྱོད་རླངས་འཁོར་དེ་རིགས་ལ་ཁ་ལོ་བའི་བྱེད་སྤྱོད་དབྱེ་བཤེར་གྱི་མ་ལག་སྒྲིག་སྦྱོར་བྱས་ཡོད་སྟབས། རང་འགུལ་ངང་ཁ་ལོ་བས་ཐ་མག་འཐེན་པ་དང་ཁ་པར་རྒྱག་པ་སོགས་ཀྱི་ཉེན་ཁའི་བྱེད་སྤྱོད་དབྱེ་བཤེར་ཐུབ་པ་མ་ཟད། ད་དུང་འཁོར་ལམ་འཁྱོག་པའི་ཉེན་གཏོང་མ་ལག་དང་། ཚ་བ་ལྟ་བཤེར་སྒྲིག་ཆས་སོགས་སྒྲིག་སྦྱོར་ཡང་བྱས་ཡོད།

    (སྐལ་བཟང་སྒྲོལ་དཀར་གྱིས་བསྒྱུར། པད་ཆོས་ཀྱིས་ཞུས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།