[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མཚོ་བོད་ས་མཐོའི་ནགས་ཤིང་གི་གནོད་འབུའི་ཆག་སྒོའི་རྐྱེན་རྩ་དང་གནོད་མེད་ཀྱི་འགག་རྩའི་ལག་རྩལ་ལ་གྲུབ་འབྲས་ཆེན་པོ་ཐོབ་པ།

    ཚན་རྩལ་གསར་གཏོད་ཀྱིས་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འགྲོ་གྲོན་སྒོར་དུང་ཕྱུར་25.32གྲོན་ཆུང་ཐུབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-10

    ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཨང་དང་པོ་ཐོབ་མྱོང་བའི“མཚོ་བོད་ས་མཐོའི་ནགས་ཤིང་གི་གནོད་འབུའི་ཆག་སྒོའི་རྐྱེན་རྩ་དང་གནོད་མེད་ཀྱི་འགག་རྩའི་ལག་རྩལ”གྱི་གྲུབ་འབྲས་རིམ་རྩིས་བྱས་ན་བོད་དང་མཚོ་སྔོན་དུ་མུའུ་ཁྲི་6760ཁྱབ་གདལ་བེད་སྤྱོད་བཏང་བས་མཚོ་བོད་ས་མཐོའི་ནགས་ཤིང་གི་གནོད་འབུའི་གནོད་འཚེ་ནུས་ལྡན་ངང་ཚོད་འཛིན་ཐུབ་པ་དང་། དཔལ་འབྱོར་གྱི་འགྲོ་གྲོན་སྒོར་དུང་ཕྱུར་25.32ཉུང་དུ་ཕྱིན་པ། ཞིང་སྨན་ཏུན་7174གྲོན་ཆུང་ཐུབ་པ་བཅས་ལས་ཤིང་འཛུགས་ནགས་བཟོ་གཞི་ཁྱོན་ཆེན་པོ་བྱེད་པར་རྨང་གཞི་བཏིང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲུབ་འབྲས་དེ་བོད་ལྗོངས་དང་། མཚོ་སྔོན། ཧོ་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་3དང་དེ་བཞིན་རྒྱལ་ཁབ་དང་ས་གནས་ཀྱི་ཚན་ཞིབ་སྡེ་ཚན་7གྱིས་མཉམ་འབྲེལ་ཐོག་འགག་སྒྲོལ་བྱས་པ་ཞིག་རེད། མཚོ་བོད་ས་མཐོའི་ནགས་ཤིང་གི་འབུ་སྲིན་གནས་ཚུལ་ཞིབ་བཤེར་བྱེད་པ་དང་། ནགས་ཤིང་གི་འབུ་སྲིན་དབྱེ་འབྱེད་བྱེད་པ། གནོད་འབུ་གཙོ་བོའི་སྐྱེ་དངོས་རིག་པའི་ཁྱད་ཆོས་དང་ཆག་སྒོའི་རྐྱེན་རྩ་སོགས་རྨང་གཞིའི་རིགས་པའི་གཞུང་ལུགས་འཚོལ་ཞིབ་བྱས་པའི་རྨང་གཞིའི་ཐོག བརྒྱུད་རིམ་ལྡན་པའི་ངང་ནགས་ཤིང་གི་གནོད་འབུ་སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཇུས་དང་ལག་རྩལ་མ་ལག་དང་དེ་བཞིན་ཁུལ་དབྱེའི་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་དེ“སྒྱུར་གསུམ་སྤྱོད་གསུམ”གྱི་སྔོན་འགོག་དང་ཚོད་འཛིན་གྱི་འདུ་ཤེས་གསར་པ་བཏོད་པ་མ་ཟད། སྐྱེ་ཁམས་སྙོམས་སྒྲིག་དང་། དངོས་ཁམས་འགོག་བཅོས། དེ་བཞིན་སྐྱེ་དངོས་འགོག་བཅོས་བཅས“གསུམ་ལྔའི”གནོད་མེད་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་གསར་པ་དང་མཚོ་བོད་ས་མཐོའི་ནགས་ཤིང་གི་གནོད་འབུ་དབྱེ་འབྱེད་བཅོས་སྐྱོང་བྱེད་སྟངས་གསར་པ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།