[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱའི་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-05-07

    ཉེ་ཆར་ཆབ་མདོ་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་གཙོ་གཉེར་དང་ཆབ་མདོ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱིས་གཉེར་འགན་འཁུར་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱའི་འགྲན་བསྡུར(མཐའ་བསྡུར)བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཤེས་བྱའི་འགྲན་བསྡུར་ནང་ཞུགས་མཁན་གྱི་བདམས་ཐོན་པ་ཚོ་རྫོང(ཆུས)11ནས་ཡིན་ཞིང་། རུ་ཁག་རེར་ལས་བྱེད་པ་1དང་། ཞིང་འབྲོག་མང་ཚོགས་1 དགོན་སྡེའི་གྲྭ་བཙུན་1བཅས་ཡོད། ཐོག་མའི་འགྲན་བསྡུར་བྱས་པ་བརྒྱུད་མཛོ་སྒང་རྫོང་དང་། དཔལ་འབར་རྫོང་། ལྷོ་རོང་རྫོང་། བྲག་གཡབ་རྫོང་། སྟེང་ཆེན་རྫོང་། ཁ་རུབ་ཆུས་བཅས་ཀྱི་འཐུས་མི་རུ་ཁག་མཐའ་བསྡུར་ནང་ཚུད་ཅིང་། མཐའ་བསྡུར་གྱི་རྣམ་པ་འཁྲུག་ཆ་དོད་ཅིང་། འགྲན་བསྡུར་ནང་ཞུགས་མཁན་གྱི་རུ་མི་ཚོས་བྱང་ཆུབ་པའི་ཤེས་བྱར་བརྟེན་ཏེ་དངངས་སྐྲག་གཏན་ནས་མེད་པར་ལན་བཏབ་པས་དཔྱད་བསྡུར་མི་སྣ་དང་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་རེད། ཆུ་ཚོད་གཅིག་ལྷག་ཙམ་འགྲན་བསྡུར་འཁྲུག་པོ་བྱས་མཐར་ཁ་རུབ་ཆུས་ཀྱི་འཐུས་མི་རུ་ཁག་འགྲན་བསྡུར་ལས་རྣམ་པར་རྒྱལ་ནས་ཤེས་བྱའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད།

    འགྲན་བསྡུར་ནང་ཞུགས་མཁན་རུ་མི་ཚོས། སླད་ཕྱིན་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་མུ་མཐུད་སློབ་སྦྱོང་ཧུར་ཐག་དང་ཉམས་ལེན་འབད་སྒྲུབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་མཁན་གྱི་ལག་ལེན་པ་ཞིག་རང་རྟོགས་ངང་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བོད་ཤར་རྒྱུད་ཀྱི་ས་གཞི་ཆེ་མོའི་ས་ཕྱོགས་གང་སར་བཞད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།