[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཏང་གི་ལོ་རྒྱུས་རྟག་ཏུ་བསྐྱར་དྲན་བྱེད། ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས།

    ——ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-03-27

    ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

    (1921ལོའི་ཟླ་7པ་ནས་2021ལོའི་ཟླ་6པ་བར) རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང་།

    1962ལོ།

    ★ ཟླ་1ཚེས་11ནས་ཟླ་2ཚེས་7ཉིན་བར། ཀྲུང་གུང་ཀྲུང་དབྱང་གིས་རྒྱ་ཆེའི་ཀྲུང་དབྱང་ལས་དོན་ཚོགས་འདུ(མི་བདུན་སྟོང་གི་ཚོགས་ཆེན)འཚོགས་པ་རེད།

    ★ ཟླ་2ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་གིས《གྲོང་གསེབ་ཀྱི་མི་དམངས་ཀུང་ཧྲེའི་གཞི་རྩའི་ཞིབ་རྩིས་རྩིས་གཞིའི་གནད་དོན་ལ་འགྱུར་ལྡོག་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན》བཏོན་པ་རེད།

    ★ ཟླ་3ཚེས་2ཉིན། ཀྲོའུ་ཨེན་ལའེ་ཡིས《ཤེས་ཡོན་ཅན་གྱི་གནད་དོན་གླེང་བའི》སྙན་ཞུ་གནང་བ་རེད།

    ★ ཟླ་3ཚེས་20ཉིན། ཤང་ཀང་ལ་འཁྱག་ཟས་སོས་པ་མཁོ་སྤྲོད་བྱེད་པའི་དངོས་ཟོག་མྱུར་སྐྱེལ་མེ་འཁོར་ཧུའུ་པེ་ཅང་ཨན་བབས་ཚུགས་ནས་གཏོང་འགོ་ཚུགས་པ་དང་། དེ་རྗེས་ཧྲང་ཧའེ་དང་ཀྲེང་ཀྲོའུ་ནས་མྱུར་སྐྱེལ་མེ་འཁོར་བཏང་བ་རེད།

    ★ ཟླ་10ཚེས་20ཉིན། ཀྲུང་གོའི་མཐའ་སྲུང་དཔུང་སྡེས་བཀའ་བཞིན་ཧིན་རྡུའི་དམག་དཔུང་གི་དྲག་པོའི་བཙན་འཛུལ་ལ་རང་སྲུང་རྒོལ་ལན་སློག་པའི་དམག་འཐབ་བརྒྱབ་པ་རེད། ཟླ་12ཚེས་1ཉིན་ནས་བཟུང་ཀྲུང་གོའི་མཐའ་སྲུང་དཔུང་སྡེས་1959ལོའི་ཟླ་11ཚེས་7ཉིན་ནས་ཕྱོགས་གཉིས་པོས་དངོས་བཟུང་ས་ཐིག་ནས་ཕྱོགས་རྐྱང་པས་སྤྱི་ལེ་20ཕྱིར་འཐེན་བྱས་པ་དང་སྦྲགས། དངོས་བཟུང་ས་ཐིག་ཀྲུང་གོའི་ཕྱོགས་སུ་དམངས་སྲིད་ཞིབ་བཤེར་ས་ཚིགས་བཙུགས་པ་རེད།

    ★ ཟླ་12ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་གིས《མི་བཅོ་ལྔའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས》བྱས་པ་རེད།

    1963ལོ།

    ★ ཟླ་1ཚེས་4ཉིན། མའོ་ཙེ་ཏུང་གིས་བཏོན་གནང་བའི་ཐའེ་དབན་གྱི་གནད་དོན་གྱི་འབྲེལ་ཡོད་རྩ་དོན་དེ་ཀྲོའུ་ཨེན་ལའེ་ཡིས“རྩ་འཛིན་གཅིག་དང་དམིགས་ཡུལ་བཞི”ལ་སྙིང་བསྡུས་བྱས་ཏེ་འབྲེལ་ཡོད་ཐབས་ལམ་བརྒྱུད་ཐའེ་དབན་ཕྱོགས་ལ་བརྒྱུད་སྤྲོད་བྱས་ཤིང་། རྩ་འཛིན་གཅིག་ནི་ཐའེ་དབན་ངེས་པར་དུ་ཀྲུང་གོ་དང་གཅིག་གྱུར་བྱེད་དགོས་པ་དང་། དམིགས་ཡུལ་བཞི་ནི། (གཅིག)ཐའེ་དབན་མེས་རྒྱལ་ལ་ཕྱིར་ལོག་བྱས་རྗེས་ཕྱི་འབྲེལ་ངེས་པར་དུ་ཀྲུང་དབྱང་དང་གཅིག་གྱུར་ཡོང་བར་བྱེད་དགོས་པ་ཕུད། དམག་སྲིད་ཀྱི་དབང་ཆ་ཆེན་པོ་དང་མི་དོན་བཀོད་སྒྲིག་སོགས་ཅང(ཅེ་ཧྲི)ལ་བསྟུན་དགོས་པ་དང་། ཁྲེན་ཁྲེང་དང་ཅང་ཅིན་གོ་གཉིས་ཅང་ཅེ་ཧྲིའི་བློ་འདོད་ལྟར་གལ་ཆེ་སར་བསྐོ་རྒྱུ་དང་། (གཉིས)དམག་སྲིད་དང་འཛུགས་སྐྲུན་གྱི་གྲོན་དངུལ་མི་འདང་བ་ཚང་མ་ཀྲུང་དབྱང་གིས་གཏོང་རྒྱུ། (གསུམ)ཐའེ་དབན་གྱི་སྤྱི་ཚོགས་བཅོས་སྒྱུར་ནར་འགྱངས་བྱེད་ཆོག་པ་དང་། ཆ་རྐྱེན་འཛོམས་རྗེས་ཅང་ཅེ་ཧྲིའི་མོས་མཐུན་ཐོབ་རྗེས་བཅོས་སྒྱུར་བྱ་རྒྱུ། (བཞི)ཕན་ཚུན་གསང་མྱུལ་མི་གཏོང་བ་དང་ཕར་ཕྱོགས་ཀྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་མི་སྤེལ་རྒྱུ་བཅས་རེད།

    ★ ཟླ་2ཚེས་11ནས་28ཉིན་བར། ཀྲུང་དབྱང་གི་ལས་དོན་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་གྲོང་གསེབ་ཏུ“གཙང་བཤེར་བཞི”སྟེ(རྩིས་ཁྲ་གཙང་བཤེར་དང་། མཛོད་ཁང་གཙང་བཤེར། རྒྱུ་ནོར་གཙང་བཤེར། ལས་བགོས་གཙང་བཤེར)བཅས་ནང་དོན་གཙོ་བོར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་རྒྱུ་དང་། གྲོང་ཁྱེར་དུ་རྒྱུ་ནོར་ལྐོག་ཟ་དང་རྐུ་རྒྱག་ལ་ངོ་རྒོལ་དང་། མགོ་བདེ་གླགས་ཚོང་ལ་ངོ་རྒོལ། རྒྱས་སྤྲོས་འཕྲོ་བརླག་ལ་ངོ་རྒོལ། ཁ་ཐོར་རིང་ལུགས་ལ་ངོ་རྒོལ། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བཅས་ཀྱི“ངོ་རྒོལ་ལྔའི”ལས་འགུལ་སྤེལ་རྒྱུའི་གཏན་འཁེལ་བྱས་པ་རེད།

    ★ ཟླ་3ཚེས་5ཉིན《མི་དམངས་ཉིན་རེའི་ཚགས་པར》ཐོག་མའོ་ཙེ་ཏུང་གི་ཕྱག་བྲིས་ཕྱག་བསྟར་མ“བློ་མཐུན་ལེ་ཧྥུང་ལ་སློབ་སྦྱོང་བྱེད་དགོས”ཞེས་པ་བཀོད་པ་དང་། རྒྱལ་ཡོངས་སུ་ལེ་ཧྥུང་གི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད། ལེ་ཧྥུང་གི་སྙིང་སྟོབས་དེ་ཀྲུང་གོ་གསར་པའི་སྤྱི་ཚོགས་ཀྱི་དར་སྲོལ་གྱི་མཚོན་རྟགས་ཤིག་ཏུ་གྱུར་པ་རེད།

    ★ ཟླ་4ཚེས་6ཉིན་ཀྲུང་གོས་ཨར་ཅི་རི་ཡར་ཕྱི་སྐྱོར་སྨན་བཅོས་རུ་ཁག་མངགས་པ་དང་། འདི་ནི་ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་མངགས་པའི་སྨན་བཅོས་རུ་ཁག་དང་པོ་དེ་རེད།

    ★ ཟླ་6ཚེས་14ཉིན་ཀྲུང་གུང་ཀྲུང་དབྱང་གིས《རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ལས་འགུལ་གྱི་སྤྱིའི་ལམ་ཕྱོགས་སྐོར་གྱི་གྲོས་འགོ》བཏོན་པ་དང་། 1966ལོའི་ཟླ་3པ་ནས་བཟུང་། ཀྲུང་སུའུ་ཏང་གཉིས་པོའི་འབྲེལ་བ་གཞི་རྩའི་ཆ་ནས་ཆད་པ་རེད།

    ★ ཟླ་11ཚེས་17ཉིན་མའོ་ཙེ་ཏུང་གིས་ཧོ་པེའི་འབྲུབ་འགོག་གེགས་སེལ་གྱི་འཐབ་རྩོད་འགྲེམས་ཚོགས་ལ“ངེས་པར་དུ་ཧོའེ་ཧོ་ཆུ་བོའི་གནོད་འཚེ་རྩ་བ་ནས་སེལ་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ་རེད། 1973ལོའི་ཟླ་11པའི་བར། ཙེ་ཡ་ཆུ་བོ་དང་། ཏ་ཆིང་ཆུ་བོ། ཡུང་ཏིང་ཆུ་བོ། པེ་ཡུན་ཆུ་བོ་བཅས་དང་དེ་བཞིན་ནན་ཡུན་ཆུ་བོ་སོགས་ཆུ་རྒྱུད་ཆེན་པོ་ལྔ་དང་། ཐུའུ་ཧའེ་ཆུ་བོ་དང་མ་ཞ་ཆུ་བོ་སོགས་ཆུ་ལམ་གཙོ་བོར་ཡོངས་ཁྱབ་བཅོས་སྐྱོང་ཐུབ་པ་རེད།

    ★ ཟླ་12ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་1963ལོ་ནས་1972ལོའི་བར་གྱི་ཚན་རིག་ལག་རྩལ་འཕེལ་རྒྱས་འཆར་འགོད་སྐོར་གྱི་ཀྲུང་དབྱང་ཚན་རིག་ཚོགས་ཆུང་དང་རྒྱལ་ཁབ་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་ཏང་ཙུའི་སྙན་ཞུ་དང་། ཚན་རིག་ལག་རྩལ་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་དང་། ཚན་རིག་ལག་རྩལ་བྱ་གཞག་གི་འཆར་འགོད་ལ་རྩ་དོན་ཐོག་ཆོག་མཆན་སྤྲད་པ་རེད།

    ★ ཟླ་12ཚེས་14ནས་ཕྱི་ལོའི་ཟླ་2ཚེས་29ཉིན་བར། ཀྲོའུ་ཨེན་ལའེ་ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ཡོ་རོབ་བཅས་ཀྱི་རྒྱལ་ཁབ་14ལ་འཚམས་འདྲིར་ཕེབས་ནས་ཀྲུང་གོས་ཨ་རབ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་དོན་ཁག་ལྔ་དང་དེ་བཞིན་ཕྱི་ཕྱོགས་སུ་དཔལ་འབྱོར་ལག་རྩལ་རོགས་སྐྱོར་བྱེད་པའི་རྩ་དོན་ཁག་བརྒྱད་བཏོན་གནང་བ་རེད། 

    (མུ་མཐུད་འགོད་རྒྱུ) 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།