[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བཀྲ་ཤིས་སྨོན་འདུན་ཁྱིམ་ཚང་ཀུན་ལ་ཁྱབ་པ།

    —— ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གིས“དཔྱིད་གསར་ཆ་ཡིག་བྲིས་ནས་ བཀྲ་ཤིས་མཚོན་པར་བྱེད་པའི”བྱེད་སྒོ་སྤེལ་བའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-01-28

    1608402_yis_1643299200000_s.jpg

    ཟླ་1ཚེས་26ཉིན་གྱི་ཕྱི་དྲོ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་བཤད་སྒྲ་སྒོ་ར་ཆེན་པོའི་ནང་དཔྱིད་གསར་ཆ་ཡིག་བྲིས་ནས་བཀྲ་ཤིས་པའི་རྣམ་པས་ཁེངས་པ་དང་། ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ“ང་ཚོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དེ་གར་སྤེལ་བ་རེད། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཡིག་གཟུགས་མཁས་ཅན་དེ་གར་ཡོང་ནས་སྨོན་འདུན་བཟང་པོ་འཆང་བཞིན་མང་ཚོགས་ལ“བཀྲ་ཤིས་སྨོན་འདུན”བྲིས་པའི་དཔྱིད་གསར་ཆ་ཡིག་སྤྲད་ནས་བཀྲ་ཤིས་བདེ་ལེགས་ཞུས་ཡོད། འདི་ནི་ཡིག་གཟུགས་མཁས་ཅན་གྱིས་མང་ཚོགས་ལ་དཔྱིད་གསར་ཆ་ཡིག་འབྲི་བཞིན་པ།

    “དཔྱིད་གསར་བསུས་ནས་སྨོན་ཚིག་བསྒྲོན” ཉེ་དུས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གིས་2022ལོའི“ནམ་ཡང་ཏང་གི་རྗེས་སུ་འབྲངས། བཀྲ་ཤིས་སྨོན་འདུན་ཁྱིམ་ཚང་ཀུན་ལ་ཁྱབ་པར་བྱེད་པའི”མང་ཚོགས་ཀྱི་རིག་གནས་དམངས་ཕན་འདུ་འགོད་རིམ་སྤེལ་གྱི“དཔྱིད་གསར་ཆ་ཡིག་བྲིས་ནས་བཀྲ་ཤིས་མཚོན་པར་བྱེད་པའི”བྱེད་སྒོ་ཆུ་གསུམ་གྲོང་རྡལ་ཤག་ལྷོ་གྲོང་ཚོར་སྤེལ་འགོ་ཚུགས་པ་རེད།

    ཞོགས་པ་སྔ་པོ། ཤག་ལྷོ་གྲོང་ཚོའི་གྲོང་ལྷན་གྱིས་བཀྲ་ཤིས་ཆ་ཡིག་ལེན་པར་ཡོང་མཁན་མང་ཚོགས་མང་པོ་བསུས་ནས། ཁོང་ཚོའི་དགོད་སྒྲས་ཁུ་སིམ་ལ་གྲང་ངར་ཆེ་བའི་སྒོ་ར་དེ་དྲོ་སོབ་སོབ་ཏུ་གྱུར། ཚང་མར“བཀྲ་ཤིས་སྨོན་འདུན”བྲིས་པའི་དཔྱིད་གསར་ཆ་ཡིག་སྤྲོད་སྐབས་ཕན་ཚུན་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

    “བཀྲ་ཤིས་སྨོན་འདུན”བྲིས་པའི་ཆ་ཡིག་ཁྱེར་བའི་ཤག་ལྷོ་གྲོང་ཚོའི་གྲོང་མི་བློ་བཟང་ཆོས་སྒྲོན་གྱིས་ད་ཐེངས་གཉེར་བའི‘དཔྱིད་གསར་ཆ་ཡིག་བྲིས་ནས་བཀྲ་ཤིས་མཚོན་པར་བྱེད་པའི’བྱེད་སྒོ་དངོས་འབྲེལ་ཡག་པོ་འདུག ཡིག་གཟུགས་སྙིང་རྗེ་ལ་རྟེན་འབྲེལ་གྱི་རྣམ་པས་ཁེངས་པའི‘བཀྲ་ཤིས་སྨོན་འདུན’བྲིས་པའི་ཆ་ཡིག་དེ་ཁྱིམ་ནང་སྦྱར་ཚེ་སྙིང་རྗེ་བ་མ་ཟད། ད་དུང་དུས་ཆེན་གྱི་རྣམ་པས་ཁེངས་པས་ང་རང་དངོས་འབྲེལ་དགའ་པོ་བྱུང”ཞེས་བཤད།

    ད་ཐེངས་ཀྱི“བཀྲ་ཤིས་སྨོན་འདུན”བྲིས་པའི་དཔྱིད་གསར་ཆ་ཡིག་སྐྱེལ་བའི་བྱེད་སྒོའི་ནང་ཤག་ལྷོ་གྲོང་ཚོའི་མང་ཚོགས་ལ“བཀྲ་ཤིས་སྨོན་འདུན”བྲིས་པའི་དཔྱིད་གསར་ཆ་ཡིག་230སྤྲད་དེ། ལོ་རྙིང་བསྐྱལ་ནས་ལོ་གསར་བསུ་བའི་འདུན་པ་བཟང་པོ་བརྒྱུད་སྤྲོད་བྱས་ཏེ། འཆར་ལ་ཉེ་བའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་དུས་ཆེན་གྱི་རྟེན་འབྲེལ་བཟང་པོ་ཞུས་པ་མ་ཟད། ད་དུང་ཤག་ལྷོ་གྲོང་ཚོའི་མང་ཚོགས་ལ་ཏང་གི་ཐུགས་ཁུར་མཚོན་པར་བྱས་པ་རེད།

    “བཀྲ་ཤིས་སྨོན་འདུན”བྲིས་པའི་དཔྱིད་གསར་ཆ་ཡིག་བསྐྱལ་བ་ཕུད། ད་དུང་ཆུ་གསུམ་རྫོང་རིག་གནས་ཏང་ཀྲི་པུའུ་དང་ཆུ་གསུམ་གྲོང་རྡལ་རིག་གནས་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་མི་སྣ་ལས་གྲུབ་པའི་དུས་རབས་གསར་པའི་རིག་རྩལ་དང་བླངས་པས་མང་ཚོགས་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་མ་ཟད། འབྲེལ་ཡོད་མངོན་མིན་རིག་གནས་ཤུལ་བཞག་དང་རིག་དངོས་སྲུང་སྐྱོབ་ཐད་ཀྱི་ཁྲིམས་སྲོལ་ཤེས་བྱའི་ལག་དེབ་150སྤྲད་ནས། མང་ཚོགས་ལ་ཁྲིམས་སྐྱོང་འདུ་ཤེས་འཛུགས་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཡོད། ཤག་ལྷོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ་ལུས་སྦྱོང་ལུས་རྩལ་ཆུང་གྲས་འགྲན་བསྡུར་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཤེས་བྱའི་འགྲན་བསྡུར་བྱས་ཡོད། བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ལས་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

    ཤག་ལྷོ་གྲོང་ཚོའི“དཔྱིད་གསར་ཆ་ཡིག་བྲིས་ནས་བཀྲ་ཤིས་མཚོན་པར་བྱེད་པའི”བྱེད་སྒོ་ནི་ཆུ་གསུམ་རྫོང་གིས་2022ལོར་སྤེལ་བའི་རིག་གནས་དམངས་ཕན་འདུ་འགོད་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་ཡུལ་དང་པོ་དེ་རེད།

    ཆུ་གསུམ་རྫོང་རིག་གནས་ཅུས(རིག་དངོས་ཅུས)ཀྱི་ཅུས་ཀྲང་སྐལ་སྒྲོན་གྱིས། “གོམ་སྟབས་རྗེས་མར་ཆུ་གསུམ་རྫོང་རིག་གནས་ཅུས(རིག་དངོས་ཅུས)ཀྱིས་རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་སུ་རྣམ་པ་སྣ་ཚོགས་ཀྱི་རིག་གནས་དང་། རིག་རྩལ། རིག་གནས་ལུས་རྩལ་བཅས་ཀྱི་བྱེད་སྒོ་སྤེལ་ནས། དུས་རབས་ཀྱི་ཤེས་དཔལ་སྲོལ་བཟང་དར་སྤེལ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་སྐོང་རྒྱུ་དེ་ཡིན”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།