[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 2021ལོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་མི་ཐེངས་ཁྲི་600ལྷག་ཙམ་སྐྱེལ་འདྲེན་བྱས་པ།

  • ཡོང་ཁུངས།   ​ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-01-12

    དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་2021ལོར་འགྲུལ་པ་མི་ཐེངས་ཁྲི་600ལྷག་ཙམ་སྐྱེལ་འདྲེན་བྱས་པ་དེ། 2018ལོར་འགྲུལ་པ་མི་ཐེངས་ཁྲི་500སྐྱེལ་འདྲེན་བྱས་ཚུན་གྱི་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཁྲོད་ཀྱི་ལམ་ཚད་རྡོ་རིང་གཞན་ཞིག་རེད།

    2021ལོའི་ལོ་མཇུག་བར། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་དུས་གཏན་གནམ་གྲུ་ཐེངས་ཁྲི་5.95འཕུར་འབབ་ཐུབ་པའི་འགན་ལེན་བྱས་པ་དང་། འགྲུལ་པ་མི་ཐེངས་ཁྲི་600སྐྱེལ་འདྲེན་བྱས་པ། དངོས་ཟོག་ཏུན་ཁྲི་4.98སྐྱེལ་འདྲེན་བྱས་པ་བཅས་ལོ་གོང་མའི་དུས་མཚུངས་ལས་20.7%དང་། 16.8% 5.7%བཅས་སོ་སོར་འཕར་བ་དེ་2019ལོ་ལས་12.7%དང་། 4.6% 14.5%བཅས་སོ་སོར་འཕར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 1965ལོའི་ཟླ་3པར། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཤར་གཏོང་ཐུབ་པ་ནས་བཟུང་། ལོ་56བསྟུད་མར་གནམ་གྲུ་བདེ་འཇགས་ངང་འཕུར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད། མིག་སྔར་མཁའ་ལམ་150བཏོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་68ལ་གནམ་གྲུ་ཤར་གཏོང་ཐུབ་པ། མཁའ་ལམ་དྲ་རྒྱའི་བཀོད་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ། གནམ་ཐང་གི་སྒྲིག་བཀོད་དང་སྒྲིག་ཆས་རྒྱུན་ཆད་མེད་པར་གསར་སྒྱུར་ཐུབ་ནས། “མཁའ་དབྱིངས་བར་ཁྱམས”ཀྱིས་མི་དང་ཟོག་འགྲེམས་ལ་དེ་བས་སྟབས་བདེ་དང་ལས་ཕྱོད་ཆེ་བའི་ཞབས་འདེགས་ཞུས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།