[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྟག་རྩེ་ཆུས་མི་སྤྱི་ཅུས་ཀྱིས།

    ཞིང་འབྲོག་པ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-11-24

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་མི་སྤྱི་ཅུས་ཀྱིས“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། བསམ་བློ་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ”བཅས་ཀྱི་བླང་བྱ་གཞིར་བཟུང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཞུགས་ཀྱི་དཀའ་གནད་ཐག་གཅོད་བྱ་རྒྱུ་དེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ཞིབ་ཕྲའི་བྱ་ཐབས་ཤིག་ཏུ་བརྩིས་ནས་ཞིང་འབྲོག་པ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཏན་ཏིག་ངང་སྤེལ་བ་རེད།

    འདི་ལོ་ནས་བཟུང་། སྟག་རྩེ་ཆུས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་ལ་སྐུལ་འདེད་བཏང་ཞིང་། ལས་ཞུགས་ལས་སྟེགས་མཁོ་འདོན་དང་རྩལ་ནུས་གསོ་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། ཞིང་འབྲོག་པ་མི་ཐེངས་15016ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། ལོ་འཁོར་དམིགས་ཚད་ལས་འགན་གྱི་110%ལེགས་སྒྲུབ་བྱས་པ། ཡུལ་བབ་དང་བསྟུན་ནས་མི་ཐེངས་1699སྒྲིག་འཛུགས་བྱས་ཏེ་ཞིང་འབྲོག་པར་རྩལ་ནུས་སྦྱོང་བརྡར་ཐེངས་50བྱས་ནས་དམིགས་ཚད་ལས་འགན་གྱི་102.96%ལེགས་སྒྲུབ་བྱས་ཡོད། ལས་ཞུགས་དྲིལ་བསྒྲགས་དང་། ལས་གཏོད་ཁ་གསབ་སྤྲོད་པ། ལས་ཞུགས་ལས་གནས་གསར་སྤེལ་སོགས་ཀྱི་ཐབས་ལམ་བརྒྱུད། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་མཐོ་རུ་བཏང་ཞིང་། 2021ལོར་ཁོངས་གཏོགས་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་329ཐོག་མར་ལས་ཞུགས་ཐུབ་ནས་ལས་ཞུགས་ཐུབ་ཚད་99.69%ཟིན་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་མི་ཐེངས་99ཡི་ལས་ཞུགས་ལས་གཏོད་མ་དངུལ་རེ་ཞུ་བདག་སྤྲོད་བྱས་པར་ཁྱོན་ལས་གཏོད་ཁ་གསབ་སྒོར་ཁྲི་327.53སྤྲད་ཡོད། གཞན་ཡང་། ལྷ་ས་གྲོང་ཁྱེར་སྒུལ་བདེ་ཀུང་སིས་ལས་གནས་སྦྲེལ་མཐུད་ཀྱི་ལས་མི་བསྡུ་བའི་ཚོགས་འདུ་འཚོགས་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ས་གནས་ས་ཐོག་ཏུ་མཐོ་སློབ་སློབ་ཐོན་སློབ་མ་5དང་གྲོས་མཐུན་བཞག་པ་དང་། སྟག་རྩེ་བཟོ་ལས་གླིང་ཞབས་ཞུའི་ཚོམས་ཆེན་དུ་ཏན་ཡང་མིག་ཤེལ་གྲོང་གི་ལས་མི་བསྡུ་བའི་འདུ་འཚོགས་འཚོགས་ནས་མཐོ་སློབ་སློབ་ཐོན་སློབ་མ་8དང་ཐོག་མར་འདོད་མཐུན་གྲུབ་པ། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་དེ་བཞིན་ལྷ་མོ་ཁྲིམས་རྩོད་པའི་ལས་དོན་ཁང་དང་སྦྲེལ་མཐུད་བྱས་ནས་མཐོ་སློབ་ཀྱི་ལོ་འདི་གའི་སློབ་ཐོན་སློབ་མ་4འོས་སྦྱོར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།