[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་པ་སངས་ཀྱིས་བརྗོད་དོན།

    “མང་ཚོགས་ཀྱི་དོན་ཆུང་ནི་ང་ཚོའི་དོན་ཆེན་ཡིན”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-11-24

    ཀ་ལ་ནས་ཆུ་ཟགས་པ་དང་། རྫབ་དོང་འགག་པ། ཐེམ་ཐོ་སྤོ་སྒྱུར་ལ་དཀའ་ངལ་འཕྲད་པ་སོགས་ཀྱི་གནད་དོན་གང་ཞིག་ཡིན་རུང་། པ་སངས་ཀྱིས་ཐག་གཅོད་ཐུབ་པ་ཞིག་ཡིན་ཕྱིན། ཁོང་གིས་གཡོ་ཟོལ་སྤུ་ཙམ་ཡང་བྱེད་མྱོང་མེད། སྡེ་ཁུལ་གྱི་དོན་དག་དང་། གྲོང་མི་མང་ཚོགས་ཀྱི་དོན་དག་ཚང་མ་པ་སངས་རང་ཉིད་ཀྱི་དོན་དག་ལས་ལྷག་པའི་དོ་ཁུར་བྱེད་ཀྱི་ཡོད། ཁོང་གིས་བྱ་སྤྱོད་ཆུང་ཙག་ལ་བརྟེན་ནས་ཏང་གི་དྲོ་སྐྱིད་གྲོང་མི་མང་ཚོགས་ཀྱིས་ཚོར་བ་བྱེད་ཀྱི་ཡོད།

    1988ལོར། པ་སངས་ཡབ་མདའ་ཤང་གི་གདན་ཞུས་ལས་བྱེད་པར་གྱུར་ནས་གཞི་རིམ་གྱི་ལས་གནས་སུ་བསྐྱོད། 2008ལོའི་ཟླ་9པར། པ་སངས་ཀྱིས་ཡབ་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར། འགན་ཁུར་མ་ཐག་པའི་སྐབས་སུ་ཡབ་མདའ་ཤང་ནི་སྔར་བཞིན་ཞིང་ལས་གཙོ་བོར་བྱས་པའི་གྲོང་ཚོ་ཞིག་ཡིན་མོད། འོན་ཀྱང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་30ལས་མེད་པ་དང་། ཡུལ་མིའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཀྱང་སྒོར་7000ཙམ་ལས་མེད་པ་རེད།

    2005ལོར། པ་སངས་ཀྱིས་མང་ཚོགས་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་བྱ་ཐབས་གསར་པ་འཚོལ་ཞིབ་བྱས། པ་སངས་ཀྱི་སྐུལ་ལྕག་འོག་ས་གནས་དེ་གའི་མང་ཚོགས་ཀྱིས་རང་ངོས་ཀྱི་ལེགས་ཆ་བཏོན་ནས་འགའ་རེས་སྐྱེལ་འདྲེན་རླངས་འཁོར་དང་འཕྲུལ་ཆས་སྒྲིག་ཆས་ཉོས་པ་དང་། ལ་ལས་ཁྲོམ་གཞུང་དུ་ཚོང་ཁང་བཙུགས་པ། ལ་ལས་རང་འགུལ་ངང་གླ་པ་རྒྱུག་པར་བསྐྱོད། ཡུལ་མི་ཡོངས་ལ་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་ནས་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་ཀྱང་རིམ་གྱིས་མང་དུ་ཕྱིན། ད་ཆ་ཡུལ་མིའི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་17000ཟིན་ཡོད་པ་རེད།

    མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་རྗེས། པ་སངས་ཀྱིས་སླར་ཡང་སྡེ་ཁུལ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཁོངས་མིའི་སྣེ་ཁྲིད་དེ་གྲོང་ཁྱེར་ཅན་གྱི་འཕེལ་རིམ་གྱིས་ཡབ་མདའ་ཤང་ལ་བྱུང་བའི་ཁུལ་བབ་ཀྱི་ལེགས་ཆ་སྤྱད་དེ་ཡུལ་བབ་དང་བསྟུན་པ་དང་ཐབས་ལམ་མང་པོའི་སྒོ་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་གྲོང་ཚོའི་མཉམ་སྡེབ་ལ་གསོན་ཤུགས་འཕེལ་བར་བྱས། ལོ་འགའ་འབད་བརྩོན་བྱས་པ་བརྒྱུད། ད་ཆ་ཡབ་མདའ་སྡེ་ཁུལ་གྱི་མཉམ་སྡེབ་མ་རྩ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་གྲོང་ཚོ་རིམ་པའི་རྒྱུ་ནོར་རིམ་བཞིན་གསོག་འཇོག་ཐུབ། རིམ་རྩིས་ལྟར་ན། ལོ་ཧྲིལ་པོར་ཡོང་འབབ་སྒོར་ཁྲི་750ལྷག་ཙམ་བྱུང་ཞིང་། པ་སངས་ཀྱིས“དཔལ་འབྱོར་སྔོན་ཉར་ས་ཆ་བེད་སྤྱོད་འཆར་འགོད་བྱེད་བཞིན་ཡོད། དེ་ལས་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད”ཅེས་བརྗོད།

    པ་སངས་ཀྱིས“སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བརྟན་པོ་བྱུང་བས། མང་ཚོགས་ཀྱི་འཚོ་བ་ལེགས་སུ་ཕྱིན་པ་མ་ཟད། ‘ཨུ་ལྷན་གཉིས’ཀྱི་ཚན་ཁག་ཀྱང་བཀོད་སྒྲིག་ཡག་པོ་དང་རྒྱ་སྟོབས་ཆེ་རུ་ཕྱིན་སོང་། ཧྲུའུ་ཅི་ཡིན་པའི་ང་རང་ཉིན་ལྟར་དངོས་གནས་ལས་ཀ་བྲེལ་བ་ཚ་པོ་འདུག ཚང་མ་མང་ཚོགས་ཀྱི་དོན་དག་ཆུང་ཆུང་ཡིན་རུང་། མང་ཚོགས་ཀྱི་དོན་ཆུང་ནི་དོན་དམ་དུ་ང་ཚོའི་དོན་ཆེན་རེད། སྡེ་ཁུལ་ནི་མང་ཚོགས་དང་ཐག་ཉེ་ཤོས་ཀྱི་ས་ཆ་ཞིག་ཡིན་པས། མང་ཚོགས་ཀྱིས་རང་རེའི་ཏང་ཡག་པོ་ཡིན་མིན་ལ་ལྟ་སྐབས་དང་ཐོག་སྡེ་ཁུལ་ཏང་ཨུད་ཀྱིས་དངོས་འབྲེལ་མི་སེར་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་སྒྲུབ་མིན་ལ་ལྟ་གི་ཡོད”ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།