[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྲིད་དོན་ཞབས་ཞུས་དམངས་ལ་སྟབས་བདེ་བསྐྲུན།

    —— ལྷ་ས་གྲོང་ཁྱེར་གྱིས་སྲིད་དོན་ཞབས་ཞུ་ལེགས་སུ་བཏང་ནས་ཁེ་ལས་དང་མང་ཚོགས་ཀྱི་ལས་སྒྲུབ་མྱོང་ཚོར་ཟབ་ཏུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-11-24

    ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་དོན་ཞབས་ཞུའི“དྲ་བ་གཅིག་དང་། སྒོ་གཅིག ཐེངས་གཅིག”བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཞིབ་མཆན་ཞབས་ཞུ་སྟབས་བདེ་རུ་གཏོང་བ། “དྲ་སྦྲེལ+སྲིད་དོན་ཞབས་ཞུ”སོགས་ཀྱི་ལས་དོན་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། རང་སྐྱོང་ལྗོངས། དེ་བཞིན་ལྷ་ས་གྲོང་ཁྱེར་བཅས་ཀྱིས་སྲིད་དོན་ཞབས་ཞུ“དྲ་གཅིག་ཀུན་གཉེར”དང་། མང་ཚོགས་ཀྱིས་ལས་དོན་སྒྲུབ་སྐབས“སྒོ་གཅིག་ལས་འཛུལ་མི་དགོས་པ”དང“མང་ཤོས་ལའང་ཐེངས་གཅིག་ལས་སྐྱོད་མི་དགོས་པའི”ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་ཆེད་མངགས་བཀོད་སྒྲིག་བྱས་པ་རེད།

    དམངས་བདེ་དང་ཁེ་ལས་ལ་དམིགས་ནས་གནད་དོན་དང་དམིགས་ཚད་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དོན་འཁྱོལ་དང་། ཞིབ་མཆན་ཞབས་ཞུ་སྟབས་བདེ་རུ་གཏོང་བའི་བསམ་འཆར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོ་དང་རེ་བ་ཁོང་དུ་ཡང་དག་ཆུད་པར་བྱས་པ་དང་། ཁེ་ལས་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ལག་ཁྱེར་ཉུང་གཏོང་གི་དམངས་ཕན་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས“ལས་ཁུངས་ཁུ་བསྡུ་དང་ལག་ཁྱེར་ཉུང་གཏོང”གི་འབྲེལ་བ་སྟངས་འཛིན་ཡང་དག་བྱས་པ་དང་། རང་འགུལ་ངང་འབྲེལ་ཡོད་སྡེ་ཚན་དང་སྦྲེལ་མཐུད་བྱས་ནས་འབྲེལ་གཏུག་དང་མཉམ་ལས་གཏིང་ཟབ་བྱས་ཏེ་གྲོང་ཁྱེར་རིམ་པའི་སྲིད་གཞུང་སྡེ་ཚན་གྱི་དོན་ཚན་864ལེགས་སྒྲིག་བྱས་ཡོད། དེའི་ནང་ནས་དོན་ཚན་110མེད་པར་བཟོས་པ་དང་། དོན་ཚན་515གཤམ་སྤྲོད་བྱས་པ། སྡེ་ཚན་དབར་དོན་ཚན་239གཞན་སྒྱུར་བྱས་ཡོད། དེ་ནི་འགན་དབང་གསལ་ཐོའི་ལམ་ལུགས་ཁྱབ་གདལ་བཏང་ཚུན་དོན་ཚན་གཤམ་སྤྲོད་བྱེད་ཐེངས་མང་ཤོས་ཤིག་ཡིན་པ་རེད།

    རེས་སྐོར་གསུམ་པའི“ལག་ཁྱེར་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་སྐྲུན་པའི”ཆེད་དོན་བྱ་སྤྱོད་ལ་ཕན་འབྲས་ཐོན་ཏེ། གྲོང་ཁྱེར་རིམ་པ་དེ་གའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པའི“དཔང་རྟགས་ཡིག་ཆ”247མེད་པ་བཟོས་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་བྱ་བ་བསྒྲུབ་པར་ཁས་ལེན་བྱས་པའི་དུས་བཀག་60%ཡན་ཐུང་དུ་བཏང་བ། སྲིད་དོན་ཞབས་ཞུའི་བྱ་བ་བསྒྲུབ་རྒྱུའི་རེ་ཞུའི་དཔྱད་ཡིག་3.06བར་ཉུང་དུ་བཏང་བ། སྲིད་དོན་ཞབས་ཞུའི་བྱ་བ་སྒྲུབ་སྐབས་ཆ་སྙོམས་འགྲོ་འོང་བྱེད་ཐེངས་0.6བར་ཉུང་དུ་བཏང་ཡོད། དེ་དང་དུས་མཚུངས། “ཁྱེད་རང་ལ་སྒྲུབ་རོགས་བྱེད་པའི”བྱེད་སྒོ་ཧུར་ཐག་སྤེལ་ནས་ཁེ་ལས་དང་མང་ཚོགས་ལ“གཅིག་གཏད་གཅིག་དང་བུ་རྫི་ལྟ་བུའི”ཞབས་ཞུ་མཁོ་འདོན་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་སྒྲུབ་རོགས་དང་ཚབ་སྒྲུབ་བྱས་པ་དང་། སྡེ་ཚན་མང་པོར་གཞོགས་འདེགས་བྱས་ནས་ཁེ་ལས་དང་མང་ཚོགས་ལ“གཅིག་གཏད་གཅིག་དང་། ཕྱོགས་ཡོངས། བུ་རྫི་ལྟ་བུའི”སྒྲུབ་རོགས་དང་ཚབ་སྒྲུབ་ཀྱི་ཞབས་ཞུ་མཁོ་འདོན་བྱས་པས། ལས་ཁུངས་ཁུ་བསྡུ་དང་། དབང་ཆ་གཤམ་སྤྲོད། ལག་ཁྱེར་ཉུང་དུ་བཏང་བ་བཅས་བྱས་ནས་དམངས་ལ་ཕན་པ་དངོས་བསྒྲུབས་ཏེ་ཁེ་ལས་དང་མང་ཚོགས་ཀྱི་ལས་སྒྲུབ་མྱོང་ཚོར་ཟབ་ཏུ་ཏན་ཏིག་བཏང་ཡོད་པ་རེད།

    ཕན་ནུས་ཆེ་བའི་འཁོར་སྐྱོད་ལ་དམིཌ་ཏེ་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུ་ལེགས་སུ་བཏང་བ།

    ལྷ་ས་གྲོང་ཁྱེར་གྱིས་མིག་དཔེའི་གྲོང་ཁྱེར་ཚད་གཞིར་བཟུང་ནས་ཡང་ཡང་བསྡུར་བ་དང་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། སྲིད་དོན་ཞབས་ཞུའི“དྲ་བ་གཅིག་དང་། སྒོ་གཅིག ཐེངས་གཅིག”བཅས་ཀྱི་སྒྱུར་བཅོས་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་ལ་བརྟེན་ནས་སྲིད་དོན་ཞབས་ཞུ་གཅིག་སྡུད་ཐོག་སྒྲུབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ“ཞུགས་དགོས་རིགས་ཚང་མ་ཞུགས་སུ་འཇུག་པའི”བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་བཅས་རིམ་གསུམ་གྱི་ཚན་པ་70ལྷག་ཙམ་གྱི་སྲིད་དོན་ཞབས་ཞུའི་དོན་ཚན་1500ལྷག་ཙམ་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། དོ་དམ་ལམ་ལུགས་ཁག་16བཟོས་པ། “ལམ་ལུགས་དང་། བར་མཐོངས། མ་ལག”བཅས་ལེགས་བསྡུས་ཅན་དང་ནུས་པ“1+2+3+N”ལ་ཁྱབ་པའི་ཞབས་ཞུའི“བར་མཐོངས་གསར་པ”བཙུགས་ཡོད།

    “སྐར་ཁུང་གཅིག་ནས་བདག་སྤྲོད་དང་། བདག་སྤྲོད་ལོགས་དབྱེ། ཕྱོགས་བསྡུས་ཞབས་ཞུ”བཅས་ཀྱི་ཞབས་འདེགས་ཞུ་སྟངས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། “ཕྱོགས་བསྡུས་སྐར་ཁུང”གི་མ་ལག་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། མ་ལག་སྦྲེལ་མཐུད་དང་གྲངས་གཞི་བརྒྱུད་གཏོང་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱས་པས་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་བཅས་རིམ་གསུམ་སྲིད་དོན་ཞབས་ཞུའི་ལས་དོན“སྐར་ཁུང་གཅིག་ནས་བདག་སྤྲོད་དང་། སྐར་ཁུང་གཅིག་ནས་གཉེར་བ། སྐར་ཁུང་གཅིག་ནས་ཐག་གཅོད”བཅས་མངོན་འགྱུར་བྱུང་བ་དང“ཕྱོགས་བསྡུས་སྐར་ཁུང”མ་ལག་གིས“མ་ལག་ཆ་ཚང་དང་། གྲངས་གཞི་ཀུན་ཁྱབ། ལས་སྒོ་ཀུན་ཁྱབ”བཅས་མངོན་འགྱུར་བྱུང་ནས“རིམ་གསུམ་སྐར་ཁུང་གཅིག”གི་མཉམ་འགུལ་ཞབས་འདེགས་ཞུ་སྟངས་སྔ་སྣུར་དུ་བཏོད་ཡོད་པ་རེད།

    ལས་དོན་སྒྲུབ་ནུས་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་དམིགས་ཏེ་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།

    ལྷ་ས་གྲོང་ཁྱེར་གྱིས་དྲ་ཐོག་སྲིད་དོན་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས། “རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་ནུས་པ་ཚོད་སྐོར་བྱེད་པའི”གོ་སྐབས་དམ་འཛིན་གྱིས། སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་ལེགས་སུ་གཏོང་གང་ཐུབ་བྱས་པ་དང་། གོ་ཆོད་ལ་བེད་སྤྱོད་གཏོང་སླ་བར་གཞི་ཚུགས་ཏེ་ཁེ་ལས་དང་མང་ཚོགས་ཀྱི་ལྟ་ཕྱོགས་ནས་ཡང་སེ་ཐོན་པའི་དོན་ཚན་དྲ་ཐོག་ནས་བརྒྱུད་རིམ་ཧྲིལ་པོ་ཐག་གཅོད་བྱེད་ཐུབ་པ་དང་བརྗོད་དོན་གཙོ་བོའི་ཆ་ཤས་ཁ་སྣོན་ལེགས་སྒྱུར་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་ལས་སྟེགས་ཀྱི“སྤྱོད་མཁན་གྱི་ལྟེ་གནས”དང་སྦྲེལ་མཐུད་བྱས་ནས་ཁེ་ལས་ཐོ་འགོད་དང་། འགྱུར་མེད་རྒྱུ་ནོར་ཐོ་འགོད། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན། ས་ཆ་གཞན་དུ་ལས་ཞུགས་ཐོ་འགོད་སྙན་སེང་སོགས་ཀྱི་བརྗོད་དོན་གཙོ་བོའི་གཅིག་སྡུད་ཞབས་ཞུའི“དོན་དག་གཅིག”གི་བརྗོད་དོན་གཙོ་བོའི་གཅིག་སྡུད་ཞབས་ཞུའི་དོན་ཚན་57བསྒྲུབས་པས། “ས་ཏུའུ་པན”APPདང་། ལྷ་སའི་སྲིད་དོན་ཞབས་ཞུའི་སྤྱི་རྟགས་ཀྱི་རྣམ་པ་སྔར་བས་ཕུན་སུམ་ཚོགས་སུ་དང་། བཀོལ་སྤྱོད་སྔར་བས་སྟབས་བདེ་རུ་ཕྱིན་པ་མ་ཟད། ཞབས་ཞུའི་ཁྱབ་ཁོངས་རྒྱུན་མཐུད་ངང་རྒྱ་ཆེ་རུ་སོང་ཡོད།

    མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པ་དེ་གའི“མང་ཤོས་ལའང་ཐེངས་གཅིག་ལས་སྐྱོད་མི་དགོས་པའི”དོན་ཚན་465དང་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་སྒྲུབ་གཉེར་བྱེད་པའི་དོན་ཚན་300གསེད་བཀྲོལ་ཡོངས་བསྒྲགས་དང་། “དོན་དག་གཅིག་འགྲོ་ཐེངས་གཅིག་ལ་སྒྲུབ་པའི”བརྗོད་དོན་གཙོ་བོའི་གཅིག་སྡུད་ཞབས་ཞུའི་དོན་ཚན་དྲ་ཐོག་ཏུ་ཚོད་ལྟའི་སྒྲུབ་གཉེར། ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་གྱི་གསལ་བཤད་ཁས་ལེན་ལམ་ལུགས་ཀྱི་ངོ་སྤྲོད་དོན་ཚན་21ཁྱབ་བསྒྲགས་བཅས་བྱས་པ་རེད། ལོ་འགོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་བཏོན་པའི“‘མང་ཤོས་ལའང་ཐེངས་གཅིག་ལས་སྐྱོད་མི་དགོས་པའི’དོན་ཚན་ཁག་300ཡན་ཟིན་པ་དང་། བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་སྒྲུབ་གཉེར་བྱེད་པའི་དོན་ཚན་ཁག་100ཡན་ཟིན་པ། ར་སྤྲོད་དོན་ཚན་དང་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་གྱི་གསལ་བཤད་ཁས་ལེན་ལམ་ལུགས”ཀྱི་དམིགས་ཚད་སྔ་སྣུར་དུ་དོན་འཁྱོལ་ཟིན་པ། “དོན་དག་གཅིག་འགྲོ་ཐེངས་གཅིག་ལ་སྒྲུབ་པའི”དོན་ཚན100ལོ་མཇུག་གོང་ལེགས་སྒྲུབ་ཐུབ་རྒྱུའི་བརྩོན་ལེན་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།