[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-11-24

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱི“ཚན་ཁག་ཆེ་གྲས་བཞི”ཡི་འགོ་ཁྲིད་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་བསྐྱོད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་བར་བརྟེན་ནས་ཆབ་མདོར་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་བསྐྱར་དྲན་དང་རྩ་བ་བརྟན་ཚུགས་དང་བླ་སྲོག་གཏོད་པའི་སློབ་གསོ་དང་ལེན་བྱས་པ་རེད།

    སྐམ་ཐོག་གྲོང་རྡལ་དེ་ཉིད་ཆབ་མདོའི་གཡུལ་འགྱེད་འགོ་ཚུགས་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་བ་བདེན་དཔང་གི་ས་ཚིགས་དང་པོ་ཡིན་པའི་ངོས་ནས“བོད་ཀྱི་བཅིངས་འགྲོལ་གྲོང་ཚོ་དང་པོ”དང“བོད་ནས་སྐར་ལྔའི་དར་དམར་ཐོག་མར་བསྒྲེངས་ས”སོགས“ཨང་དང་པོ”མང་དག་ཅིག་ཡོད་པས། བོད་ཀྱི་ལོ་རྒྱུས་ཐོག་གནས་བབ་གལ་ཆེན་ལྡན་ཞིང་། བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་ཀྱི་འགོ་བརྩམས་ས་དང་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་གྱི་གསར་བརྗེའི་གནས་མཆོག་ཅིག་རེད། ལོ་71ཡི་གོང་། རླབས་པོ་ཆེའི་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། “རང་སྲོག་དོར་བའི་བློ་སྟོབས་རབ་ཏུ་བསྐྱེད། གནམ་ས་གསར་པ་གཏོད་པའི་སྙིང་སྟོབས་འཕེལ”གྱི་ཞུམ་མེད་ཀྱི་བློ་སྟོབས་ལ་བརྟེན་ནས་ཆབ་མདོའི་གཡུལ་འགྱེད་བརྒྱབ་པ་དང་གཙང་གསུམ་ས་གཞི་ཆེ་མོར་བཅིངས་འགྲོལ་བཏང་སྟེ། ཞུམ་པ་མེད་པའི་མཛད་རྗེས་ལ་བརྟེན་ནས་འཛམ་གླིང་ཡང་རྩེར་ནམ་ཡང་གནས་པའི་མཛད་རྗེས་རྡོ་རིང་བཙུགས་ཡོད།

    ཏང་ཡོན་ཡོངས་ཀྱིས་འབྲི་ཆུའི་གཙང་འགྲམ་གྱི་དམག་སྡེ་བཅོ་བརྒྱད་པ་གཙང་པོ་སྒྲོལ་སའི་རྗེས་ཤུལ་གྱི་ཐང་ཆེན་དང་མཁར་རྫོང་དང་། དམག་སྡེ་བཅོ་བརྒྱད་པའི་དམག་སྒར་གྱི་དྲན་གསོ་ཁང་དུ་བསྐྱོད་སྐབས་གསར་བརྗེའི་རིག་དངོས་རེ་རེ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་པར་རིས་རེ་རེ་ལས་ཟིལ་རླབས་དགུང་དུ་འཕྱུར་ཞིང་འོད་སྟོང་འཕྲོ་བའི་ལོ་རྒྱུས་གསལ་པོར་མངོན་པ་མ་ཟད། གུང་ཁྲན་ཏང་མི་དང་དཔའ་བོའི་ལོ་རྒྱུས་སྙན་ངག་ལྟ་བུའི་ཞུམ་པ་མེད་པའི་མཛད་རྗེས་གསལ་པོར་མངོན་ཡོད། ཚང་མས་གསལ་འགྲེལ་ནན་ཏན་ངང་ཉན་པ་དང་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་མིས་ཏང་ལ་ལྷག་བསམ་རྣམ་དག་དང་། འཆི་རྒྱུར་མི་སྐྲག་པ། དཔའ་ངར་ཆེན་པོས་འཐབ་རྩོད་བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་གཏིང་ཟབ་ཚོར་བ་བྱས་ཡོད།

    ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་དམག་ཁུལ་ཁང་གི་སི་ལིང་ཡོན་བློ་མཐུན་ཧུའུ་ཞའོ་པའེ་ཡིས་ཆབ་མདོའི་བཅིངས་འགྲོལ་ལོ་རྒྱུས་ལ་དམིགས་ཏེ《དར་ཆ་གསལ་སྟོན་ངང་ཆབ་སྲིད་ལ་སྣང་ཆེན་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ》ཞེས་པ་འགོ་བརྗོད་དུ་འཁོད་པའི་ཏང་གི་ལོ་རྒྱུས་གསལ་འགྲེལ་དང་སྤེལ་རེས་བྱས་པ་རེད། དཔེ་ཀློག་འཛིན་གྲྭའི་ཐོག་ཏང་ཡོན་ཚོས་དཔེ་ཀློག་འཛིན་གྲྭའི་བརྗོད་དོན་གཙོ་བར་དམིགས་ཏེ་རང་ཉིད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་གཏམ་བཤད་སྤེལ་རེས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།