[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-14

    ཚེས་10ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དེ་རྒྱལ་ཕམ་ཐག་མ་ཆོད་པའི་འགག་རྩའི་དུས་སུ་སླེབས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་པེ་ཅིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཕེབས་ཏེ། བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་། འཐབ་ས་དང་པོའི་ལས་བྱེད་པ་དང་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་དགོས་པའི་མཛུབ་སྟོན་གལ་ཆེན་ཡང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་དང་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་རང་ལྗོངས་ཀྱི་རྒྱ་ཆེའི་བློ་མཐུན་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། ཚང་མས་ཡང་འབད་བསྐྱར་འབད་དང་། དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད། ཀུན་སེམས་གཅིག་སྒྲིལ། གནས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅིའི་སྲ་ཞིང་བརྟན་ལ་ནུས་པ་ལྡན་པའི་ཁྲིད་སྟོན་དང་མི་སེམས་དྲོ་སོབ་སོབ་ཡོང་བའི་བཀའ་མོལ་ལས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེས་འགག་རྩའི་དུས་སུ་ང་ཚོའི་གདེང་ཚོད་བརྟན་དུ་སོང་བ་དང་མེས་རྒྱལ་མཐའ་མཚམས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ང་ཚོ་དང་འཐབ་ཕྱོགས་ཁག་གི་བློ་མཐུན་ཚོར་ལྕག་སྐུལ་ཆེན་པོ་ཐེབས་འདུག”ཅེས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཡོན་ཀྲང་བཀྲ་ཤིས་ཀྱིས་བཤད་པ་རེད།

    བཀྲ་ཤིས་ཀྱིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྨན་པའི་ཐོག་མའི་བསམ་འདུན་མ་བརྗེད་པར། སྨན་པའི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཐོག ཚེ་སྲོག་སྲུང་སྐྱོང་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་འབུལ་བར་སྤྲོ་བ། ཚད་མེད་སྙིང་རྗེ་བཅས་ཀྱི་སྨན་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ལས་དོན་ཚང་མ་དང་ལྷུ་ཚིགས་ཚང་མར་འཕྱུགས་པ་གཏན་ནས་མི་ཡོང་བ་བྱེད་པ་དང་། 

    རིམས་ནད་སྔོན་འགོག་ཚོད་འཛིན་དྲ་བའི་ཚགས་དམ་དུ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ནན་དུ་གཏོང་བ། ལྗོངས་ཡོངས་ཀྱི་མི་དམངས་དང་མཉམ་དུ་ཕྱར་བ་གྲུ་འདེགས་དང་རིམས་ནད་འགོག་བཅོས་བཅས་བྱས་ནས་ལྗོངས་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

    རིམས་ནད་ཐོན་ཚུན་རྒྱལ་ཡོངས་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་ཀུན་སེམས་གཅིག་སྒྲིལ་བྱས་པ་ནི་དམངས་ཡོངས་ཞུགས་པའི་འགག་སྒྲོལ་གྱི་དམག་འཐབ་ཅིག་རེད།

    རིམས་ནད་ཀྱི་མདུན་དུ་སྡེ་ཚོགས་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའི་ཧྲུའུ་ཅིས་ཙུའུ་ཀྲང་བྱས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་འཕྲལ་མར་བཙུགས་ཏེ། བྱེད་ཐབས་ནུས་ལྡན་སྤྱད་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། སྡེ་ཚན་ཁག་ལ་མཐུན་སྦྱོར་གྱིས་མཉམ་འགུལ་བྱས་པ་བཅས་ལས་རིམས་ནད་དང་འཐབ་རྩོད་བྱེད་པའི་མཉམ་ཤུགས་ཤིག་ཆགས་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནང་ཧུར་ཐག་ཞུགས་རྒྱུའི་འབོད་སྐུལ་བྱས་པ་དང་འབྲེལ་སྐུལ་སློང་ཡང་བྱས་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་མི་གྲངས་2050ལས་གྲུབ་པའི་གཞོན་ནུའི་འཕྲལ་རྒོལ་རུ་ཁག་བཙུགས་པ་དང་། དང་བླངས་པ་7100ལྷག་ཙམ་སྐོང་བསྡུ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་ཞུགས་པ། གཞོན་ནུ་ཚོའི་སྣེ་ཁྲིད་ནས་སྟོབས་གསར་དམག་དཔུང་དང་འཕྲལ་རྒོལ་རུ་ཁག་གི་ནུས་པ་འདོན་སྤེལ་བྱས་ཡོད།

    “ཉིན་ཤས་བསྟུད་མར། ཁྲེང་ཀོན་ཆུས་ཀྱི་གྲོང་མི་ཏང་ཡོན་དང་། དང་བླངས་པ། ‘དཔུང་རྟགས་དམར་པོ་བ’‘ཞྭ་མོ་དམར་པོ་བ’‘གཉིས་ལྡན་དུད་སྦྲེལ’སོགས་གཞི་རིམ་གྱི་མང་ཚོགས་སྟོབས་ཤུགས་ཀྱིས་ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག འཐབ་ས་དང་པོ་དང་། ཁྲོམ་གཞུང་དང་སྲང་ལམ། གྲོང་ཚོ་དང་དུད་ཚང་བཅས་སུ་བསྐྱོད་དེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྨང་གཞིའི་ལས་དོན་འབོར་ཆེན་ཕན་འབྲས་ལྡན་པའི་ངང་སྤེལ་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལི་ཏེ་མིང་གིས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།