[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-21

    ལམ་ལུགས་ཀྱི་ལེགས་ཆ་ནི་སྲིད་ཏང་ཞིག་དང་རྒྱལ་ཁབ་ཅིག་གི་ལེགས་ཆ་ཆེ་ཤོས་ཡིན། ལམ་ལུགས་སྔར་བས་འཐུས་ཚང་དང་སྔར་བས་ཚུགས་ཚུད་ཡོང་བར་བྱེད་པ་ནི་འགུལ་རྣམ་གྱི་བརྒྱུད་རིམ་ཞིག་ཡིན་ལ། བཅོས་སྐྱོང་ནུས་པ་དེང་རབས་ཅན་ཡང་འགུམ་རྣམ་གྱི་བརྒྱུད་རིམ་ཞིག་ཡིན་པས། སྒྲུབ་ཐེངས་གཅིག་ལ་ལེགས་སྒྲུབ་ཡོང་བ་ཞིག་ག་ལ་ཡིན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར་ངེས་པར་དུ་ཏང་ནང་ཁུལ་གྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་བཏང་ནས་ཕུགས་ཕན་གྱི་ལམ་སྲོལ་ཆགས་པར་བྱེད་དགོས”ཞེས་ནན་གསུངས་གནང་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བའི《གཏན་འབེབས》ནང“ཏང་གི་འགོ་ཁྲིད་ཀྱི་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཏང་གིས་ཚན་རིག་དང་མཐུན་པར་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་བཞིན་སྲིད་སྐྱོང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི”ལས་དོན་བཀོད་སྒྲིག་བྱེད་སྐབས། དོན་ཚན་དང་པོ་ནི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ལམ་ལུགས་འཛུགས་རྒྱུ”དེ་ཡིན། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ལམ་ལུགས་འཛུགས་རྒྱུ་ནི་ཏང་གི་ལམ་ལུགས་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་དང་། སློབ་སྦྱོང་རྣམ་པའི་སྲིད་ཏང་འཛུགས་སྐྱོང་གི་དུས་རབས་ཀྱི་བླང་བྱ་ཞིག དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་ལ་ཐོག་མཐའ་བར་གསུམ་དུ་གསོན་ཤུགས་ཀྱིས་ཁེངས་པ་དང་སྐྱེ་སྟོབས་འཕེལ་རྒྱུར་འགན་ལེན་བྱེད་པའི་འཐབ་ཇུས་དང་ཕུགས་ཕན་ཇུས་གཞི་ཞིག་བཅས་ཡིན་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་ཁྲོད་ཀྱི་གྲུབ་འབྲས་ཉམས་མྱོང་དང་བྱ་ཐབས་ནུས་ལྡན་གཏན་འཇགས་ཡོང་བར་ཕན་པ་ཡོད་པ་དང་། ཕུགས་ཕན་གྱི་ལམ་སྲོལ་དང་གཅུན་འདོམས་ལམ་སྲོལ་ལ་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ནུས་ཕྱོད་འཕེལ་བར་བྱས་ཏེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ཀྱི་འབྱུང་ཁུངས་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་གཞིར་བཟུང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཡུན་གཏན་གྱི་ལས་གཞི་དང་། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་དོན་གཉེར་བྱ་གཞིར་བརྩིས་ནས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས།

    ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བར་སྒྲིག་ཡིག་དང་ལམ་ལུགས་བཟོ་དགོས། རྨང་གཞི་སྲ་བརྟན་དང་། ལེགས་ཆ་དར་འཕེལ། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོར་ཤུགས་སྣོན་རྒྱག་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལས་འགལ་བའི་གནད་དོན་ལ་ཞིབ་ལྟ་དང་དག་ཐེར་བྱེད་པ། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ། ཏང་ཡོན་ལས་བྱེད་པའི་འགན་འཁྲི་འཁུར་སེམས་དང་བྱས་རྗེས་འཇོག་རྒྱུར་སྐུལ་འདེད་གཏོང་བ་སོགས་གཙོ་གནད་དུ་བཟུང་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་ཉམས་མྱོང་དང་བྱེད་སྟངས་ལ་ཕྱོགས་སྡོམ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། ལམ་ལུགས་ལ་བརྟེན་ནས་སྲ་བརྟན་ཡོང་བར་བྱས་ནས། ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་དགོས།

    ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བར་ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། རང་རྟོགས་ངང་ལམ་ལུགས་ལ་གོང་བཀུར་དང་། ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ། གནད་དོན་ལ་བསམ་གཞིག་དང་། ཇུས་ཐག་གཅོད་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་རང་རྟོགས་ངང་ལམ་ལུགས་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་བ། ལམ་ལུགས་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ལམ་ལུགས་ཚད་ལྡན་དང་སློབ་གསོ་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་བྱེད་པ་དང་། ཏང་གི་ངོ་བོ་དང་དམིགས་ཡུལ་བློ་ལ་བརྟན་པོར་ངེས་རྒྱུར་སྐུལ་འདེད་གཏོང་དགོས།

    ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བར་གཙོ་བོ་ལག་ལེན་ལ་ཐུག་ཡོད། དབང་གྲགས་དང་ཕན་འབྲས་ཆེ་བའི་ལམ་ལུགས་ལག་བསྟར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད། གདམ་ག་བྱེད་པ་དང་། བབ་བསྟུན་བྱེད་པ། འཐེན་འཕྲི་བྱེད་པ་བཅས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱེད་པ་དང་། འགྱུར་མེད་ཀྱི་གཅུན་འདོམས་དེ“འགྱིག་སྐུད་དུ་འགྱུར་བ”དང“ཕུགས་ཕན”དེ“ནུས་མེད”དུ་འགྱུར་རྒྱུ་སྔོན་འགོག་བྱེད་དགོས།

    “གོང་གིས་འོག་ལ་སྣེ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་བྱེད་པ”ནི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ནས་བསགས་པའི་ཉམས་མྱོང་རྩ་ཆེན་ཞིག་ཡིན་ཞིང་། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་བྱེད་པས་ཉམས་མྱོང་དེ་བེད་སྤྱོད་ཡག་པོ་བྱས་ཏེ། ལམ་ལུགས་ལ་བརྩི་སྲུང་དང་ལག་བསྟར་ལ་དམ་འཛིན་ཡག་པོ་བྱེད་པ། སྣེ་འཁྲིད་དེ་ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ། ལམ་ལུགས་ལག་བསྟར་གྱི་མིག་དཔེ་བྱེད་པ། “འགག་རྩའི་ཉུང་ཤས”ཀྱིས“མང་ཆེ་བར”དཔེ་སྟོན་སྣེ་ཁྲིད་བཅས་བྱེད་དགོས། ཏང་ནང་ཁུལ་གྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ལམ་ལུགས་དོན་འཁྱོལ་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ཚེ། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་ཐུབ་ངེས་ཡིན་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་བོད་དུ་རྩ་བ་ཚུགས་ནས་གྲུབ་འབྲས་ཐོབ་ངེས་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།