[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་ནི་བོད་ཀྱི་མི་རིགས་ཁག་གི་གཟི་བརྗིད་སྲོལ་རྒྱུན་ཡིན།

    མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་དང་པོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-20

    《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ནང་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་མི་རིགས་ཁག་ཚང་མ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁོངས་མི་གལ་ཆེན་ཞིག་ཡིན་ཞེས་ཁ་གསལ་ལ་གོ་བདེའི་ངང་བསྟན་ཡོད། དེ་ནི་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་གི་ལོ་རྒྱུས་འཕེལ་རིམ་གཏིང་ཟབ་པོས་མཚོན་པར་བྱས་པ་དང་། མི་རིགས་ཁག་གིས་ཐུན་མོང་ཐོག་རླབས་ཆེན་མེས་རྒྱལ་བཏོད་པ་གཅིག་སྡུད་ཐོག་སྙིང་བསྡུས་བྱས་པ། རང་རྒྱལ་གྱི་མཐུན་སྒྲིལ་དང་གཅིག་གྱུར་གྱི་མི་རིགས་འབྲེལ་བ་གསལ་སྟོན་གཏིང་ཟབ་བྱས་པ། བོད་ཀྱི་གནས་ཚུལ་དང་བོད་ཀྱི་དོན་དངོས་ཆེས་གཞི་རྩའི་སྒོ་ནས་བརྡར་ཤ་བཅད་པ་བཅས་རེད།

    ལོ་རྒྱུས་ཀྱི་ལེའུ་ཁ་ཕྱེ་ཚེ། བོད་ཀྱི་མི་རིགས་ཁག་གྲུབ་པ་དང་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་གཏོད་པའི་ནང་ཞུགས་པའི་བརྒྱུད་རིམ་ཞིག་དང་ཐུན་མོང་ཐོག་ཀྲུང་ཧྭའི་འོད་སྟོང་འཕྲོ་བའི་ཤེས་དཔལ་གཏོད་པའི་བརྒྱུད་རིམ་ཞིག་རེད། གནའ་སྔ་མོ་ནས་རྡོ་ཆས་གསར་པའི་དུས་རབས་བར་དུ་བོད་ཀྱི་གདོད་མའི་རིག་གནས་དང་ཀྲུང་ཡོན་གྱི་རིག་གནས་བར་ལ་འབྲེལ་བ་དམ་ཟབ་ཡོད་ཅིང་། བོད་མི་རིགས་དང་མེས་རྒྱལ་གྱི་སྤུན་ཟླའི་མི་རིགས་གཞན་དག་དབར་ཁ་འབྲལ་ཐབས་མེད་ལ། གཅིག་ཏུ་གྱུར་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་རྔམ་བརྗིད་ལྡན་པའི་ངང་འགོ་ཚུགས་ཡོད། 《རྒྱ་བོད་ལོ་རྒྱུས་དེབ་ཐེར》སོགས་བོད་རིགས་ཀྱི་གནའ་གཞུང་དང་དམངས་ཁྲོད་ཀྱི་ངག་རྒྱུན་དུ་ཆགས་པའི“སྤུན་ཟླ་གསུམ”གྱི་གཏམ་རྒྱུད་ནང་། བོད་རྒྱ་སོགས་སྤུན་ཟླའི་མི་རིགས་ཁག་ནི་མེས་པོ་དང་རྒྱུད་པ་གཅིག་ཡིན་པ་དང་རིམ་བཞིན་ལོ་འདབ་རྒྱས་ནས་དར་འཕེལ་བྱུང་བའི་ལོ་རྒྱུས་ཀྱི་དྲན་ཤེས་ཟབ་མོ་འཁོད་ཡོད། ཐོ་བོད་ཀྱིས་སྒོ་དབྱེ་ཆེན་པོ་དང་ཁོང་ཡངས་ཆེན་པོའི་རྣམ་པའི་ཐོག་ནས་ཀྲུང་ཡོན་ས་ཁུལ་གྱི་མི་རིགས་ཁག་དང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཧུར་ཐག་བྱས་ཤིང་། འུན་ཤིང་ཀོང་ཇོ་དང་གྱིམ་ཤིང་ཀོང་ཇོ་ཁབ་ཏུ་བསུས་པ་དང་། དབོན་ཞང་རྡོ་རིང་བཙུགས་པ། ཆེན་པོ་ཐང་གུར་གྱི་ཕོ་ཉ་རྒྱ་གར་ཡུལ་དུ་བསྐྱོད་པའི་བྲག་བརྐོས་ཡིག་རིགས་སོགས་བོད་རྒྱ་མི་རིགས་མཐུན་སྒྲིལ་གྱི་ལོ་ངོ་སྟོང་གི་གཏམ་རྒྱུད་སྙན་པོ་ཞིག་ཏུ་གྱུར་པ་དེས་བོད་དང་མེས་རྒྱལ་ནང་སའི་དབར་ཤ་རུས་འདྲེས་པ་དང་སྤྱི་ཚོགས་ཀྱི་འབྲེལ་བ་དམ་ཞིང་ཟབ་པའི་དཔང་པོ་བྱས་ཡོད། ཡོན་རྒྱལ་རབས་ཀྲུང་དབྱང་སྲིད་དབང་གིས་བོད་དུ་སྲིད་འཛིན་དོ་དམ་སྒྲིག་སྲོལ་ཆ་ཚང་ཞིག་བཙུགས་ཏེ། བོད་ཡོན་རྒྱལ་རབས་ཀྱི་ཐད་ཀའི་བདག་སྐྱོང་འོག་གི་སྲིད་འཛིན་ས་ཁོངས་ཤིག་ཏུ་གྱུར་པ་ནས་མིང་རྒྱལ་རབས་ཀྱིས་བོད་དུ་ཝུའེ་དང་སུའོ་བཙུགས་པ་དང་ཆོས་ལུགས་གྲུབ་མཐའ་ཁག་གི་མཐོ་རིམ་ལ་ཆོ་ལོ་སྣ་ཚོགས་བསྩལ་བའི་བར་དང་། ཆིང་རྒྱལ་རབས་ཀྱིས་ལི་ཧྥན་ཁང་བཙུགས་པ་དང་། བོད་སྡོད་ཨམ་བན་བཙུགས་པ། 《བོད་ཀྱི་ལས་དོན་བྱེད་ཕྱོགས་སྐོར་གྱི་རྩ་ཚིག་དོན་ཚན》ཁྱབ་བསྒྲགས་བྱས་པ། ཏཱ་ལ་དང་པཎ་ཆེན་ལ་ཆོ་ལོ་བསྩལ་བ། “གསེར་བུམ་དཀྲུག་སྲོལ”ལག་ལེན་བསྟར་བ་བཅས་བར། དེ་ནས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་པོ《ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་གནས་སྐབས་སྡོམ་ཁྲིམས》ནང་བོད་ནི་ཀྲུང་གོའི་ཞིང་ཆེན་གྱི་གྲས་ཤིག་ཡིན་པ་དང“སོག་བོད་ཨུ་ཡོན་ལྷན་ཁང”སོགས་ལས་ཁུངས་བཙུགས་ནས་བོད་ལྗོངས་ཀྱི་ལས་དོན་ལ་དོ་དམ་བྱེད་རྒྱུའི་གཏན་འབེབས་བྱས་པའི་བར་བཅས་ཀྱི་ལོ་རྒྱུས་ཚང་མ་ལས། བོད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་བོད་རིགས་ཀྱིས་མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་གཅིག་གཏོད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ། ཀྲུང་ཧྭ་མི་རིགས་གྲུབ་པ་དང་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་བཅས་རྩོད་ཐབས་བྲལ་བའི་སྒོ་ནས་ར་འཕྲོད་བྱས་ཡོད། “གྲོས་མཐུན་དོན་ཚན་བཅུ་བདུན”ནང་བསྟན་པ་ལྟར། “བོད་མི་རིགས་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་གྲས་ཤིག་ཡིན་ཞིང་། མི་རིགས་གཞན་དག་མང་པོ་དང་འདྲ་བར། རླབས་ཆེན་མེས་རྒྱལ་གསར་སྐྲུན་དང་འཕེལ་རྒྱས་གཏོང་རིང་རང་ཉིད་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་བསྒྲུབས་ཡོད”

    བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལས་དབང་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གྱི་མདུན་ལམ་མམ་ལས་དབང་དང་དམ་པོར་འབྲེལ་ཞིང་། གནའ་སྔ་མོ་ནས་བཟུང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་གཟི་བརྗིད་སྲོལ་རྒྱུན་ལྡན་པ་མ་ཟད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། ཕྱི་ཕྱོགས་ཀྱི་བཙན་འཛུལ་བཀག་འགོག མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བཅས་བྱེད་པའི་བརྗིད་ཆེའི་ལེའུ་ཞིག་ཀྱང་བརྩམས་ཡོད།

    གནམ་ས་གཡོ་བའི་དབྱིན་འགོག་དམག་འཁྲུག་ཐེངས་གཉིས་ནས་བཙན་རྒྱལ་རིང་ལུགས་དགའ་ཉེར་རྟེན་མཁན་ཁ་ཕྲལ་ཕྱོགས་གཏོགས་དང་ཞུམ་པ་མེད་པར་འཐབ་རྩོད་བྱས་པའི་བར་དང་། དེ་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་རྦད་དེ་མཐར་སྐྲོད་བཏང་བའི་བར་གྱི་བཙན་འཛུལ་ལ་འགོག་རྒོལ་དང་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་ཁྲག་དང་མེ་ལྕེའི་འཐབ་རྩོད་བྱེད་རིང་། ཀྲུང་ཧྭ་མི་རིགས་ཀྱིས་དཀའ་བ་ཚད་མེད་སྤྱད་པ་དང་སྤོབས་ཉམས་ལྡན་པའི་ལོ་རྒྱུས་མཚོན་པའི་སྙན་ངག་རླབས་པོ་ཆེ་ཐུན་མོང་ཐོག་བརྩམས་ཡོད། ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རོགས་རེས་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ཀྱིས་མཚོན་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་སྐྱེད་སྲིང་དང་། གསར་གཏོད། འཕེལ་རྒྱས། དར་སྤེལ་བཅས་བཏང་ཞིང་། མེས་རྒྱལ་ལ་དགའ་ཞེན་དང་། མཐུན་སྒྲིལ་ཡར་ཐོན། རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་། ཁྱིམ་གཞིས་འཛུགས་སྐྲུན་བཅས་བྱེད་མཁན་དཔའ་བོ་དང་དཔེ་བཟང་མི་སྣ་མང་པོ་ཐོན་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་ཡུན་ནས་ཡུན་དུ་བཞད་བཞིན་ཡོད།

    ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་མི་རིགས་ཁག་གིས་རྒྱལ་གཅེས་རིང་ལུགས་ཀྱིས་ལྟེ་བ་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་ཐུན་མོང་ཐོག་བཏོད་ཅིང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁྲག་རྒྱུན་དང་བླ་སྲོག་ནང་མཉམ་འདྲེས་བྱུང་ནས་བོད་ཀྱི་ཞི་མཐུན་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྲ་ཞིང་བརྟན་པའི་འགན་ལེན་དང་སྟོབས་དང་ལྡན་པའི་བསམ་པའི་སྒུལ་ཤུགས་སུ་གྱུར་ཡོད། ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད་ཅིག་ཡིན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ལོ་རྒྱུས་ཀྱི་དོན་དངོས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འདོད་བློ་དང་རྒྱབ་འགལ་གྱིས “བོད་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན”ཞེས་སྨྱོ་ཧམ་ཆེན་པོས་འུད་སྒྲོག་བྱས་པ་དང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་རབ་དང་རིམ་པ་སྤེལ་ནས། བོད་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ལོ་རྒྱུས་ཐོག་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་གསར་འཛུགས་དང་སྲུང་སྐྱོང་བྱེད་རིང་བཞག་པའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཁས་མི་ལེན་པའི་རེ་ངན་བཅངས་ཡོད། “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི”བབ་ཆགས་གནས་ལུགས་གསལ་པོར་རྟོགས་པའི་རྒྱལ་གཅེས་རིང་ལུགས་ཀྱི་གཟི་བརྗིད་སྲོལ་རྒྱུན་ལྡན་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་བྱ་ལོག་སྤྱོད་ལོག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་དང་། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་དང་ཐོག་མཐའ་བར་གསུམ་དུ་འཐབ་རྩོད་བྱས་ཏེ། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་བཅས་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་པ་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད། འདི་ནི་དུས་རབས་གསར་པའི་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་ལ། དུས་རབས་གསར་པའི་མི་རིགས་ཀྱི་ལས་དོན་གསར་གཏོད་དང་སྐུལ་འདེད་གཏོང་བའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ཀྱང་རེད”ཅེས་བསྟན་གནང་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》བཟོས་པ་དང་ལག་བསྟར་བྱས་པ་ལས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ལག་གདང་གཅིག་སྦྲེལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་པའི་སྲ་ཞིང་བརྟན་པའི་བློ་སྟོབས་དང་ཆོད་སེམས་གང་ལེགས་མངོན་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཤུགས་ཆེན་བྱས་ཏེ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བཅས་བྱེད་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་དང་། སྤྱི་ཚོགས་ཀྱི་རྨང་གཞི། ཁྲིམས་སྐྱོང་གི་རྨང་གཞི་བཅས་སྔར་བས་བརྟན་དུ་བཏང་ན། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་དང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་གྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།