[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྤྱི་གསོག་མ་དངུལ་ལེན་སྐབས་མགྱོགས་ཤོས་ལ་སྐར་མ་ལྔའི་ནང་རྩིས་ཁྲར་འབྱོར་བ།

    བོད་ཀྱི་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་ལས་སྒོ་མང་པོ་ཞིག་དྲ་ཐོག་ནས་སྒྲུབ་གཉེར་ཐུབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-10

    སྡོད་ཁང་གི་སྤྱི་གསོག་མ་དངུལ་ནི་ལས་བཟོས་བཅོལ་གསོག་བྱས་པ་ནས་བསྡུ་ལེན་བྱེད་པ་དང་བཅོལ་གསོག་བྱེད་མཁན་ལས་བཟོར་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་བསྒྲུབས་ཏེ། བཅོལ་གསོག་བྱེད་མཁན་གྱི་ལས་བཟོས་དུས་ཡུན་རིང་པོའི་ནང་གོང་ཞུ་བྱས་པའི་ལས་སྒོ་རེ་ཞུ་བྱེད་སྐབས་བང་རིང་པོ་སྒྲིག་དགོས་པ་དང་། མ་གནས་མཐོ་བ། སྒྲུབ་གཉེར་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། ཉིན་ཤས་གོང་། རང་ལྗོངས་ཀྱིས་བོད་ཀྱི་སྡོད་ཁང་གི་སྤྱི་གསོག་མ་དངུལ་དྲ་ཚོམས(zfgjj.zjt.xizang.gov.cn/netface)དང་ལག་ཐོགས་ཁ་པར་གྱི་APPགསར་སྤེལ་བྱས་ཟིན་པ་དང་བོད་ཀྱི་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་སྐད་འཕྲིན་སྤྱི་རྟགས་ཤར་གཏོང་ཐུབ་པས་དྲ་ཐོག་ནས་སྤྱི་གསོག་མ་དངུལ་ལེན་སྤྱོད་དང་། བཅོལ་གསོག བུན་གཡར་སོགས་ཀྱི་ལས་སྒོ་དྲ་ཐོག་ནས་བདག་སྤྲོད་བྱེད་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལས་སྟེགས་དེ་ནི་སྐད་འཕྲིན་སྤྱི་རྟགས་དང་། ལག་ཐོགས་ཁ་པར་གྱི་APP དྲ་ཚོམས་བཅས་ཆ་ཤས་གསུམ་ལས་གྲུབ་ཡོད། སྐད་འཕྲིན་སྤྱི་རྟགས་དང་ལག་ཐོགས་ཁ་པར་གྱི་APPནི་གཙོ་བོ་བཅོལ་གསོག་ལས་བཟོར་ཁ་ཕྱོགས་པ་ཞིག་ཡིན་ཞིང་། དེས་སྡོད་ཁང་གི་སྤྱི་གསོག་མ་དངུལ་འཚོལ་བཤེར་དང་ལེན་སྤྱོད་ཞབས་ཞུ་མཁོ་འདོན་བྱེད་པ་དང་། དྲ་ཚོམས་ནི་བཅོལ་གསོག་ཚན་པ་དང་བཅོལ་གསོག་ལས་བཟོར་ཁ་ཕྱོགས་པ་ཞིག་ཡིན་ཞིང་། དེས་སྡོད་ཁང་གི་སྤྱི་གསོག་མ་དངུལ་བཅོལ་གསོག་དང་། འཚོལ་བཤེར། ལེན་སྤྱོད། བུན་གཡར་སོགས་ཀྱི་སྡོད་ཁང་གི་སྤྱི་གསོག་མ་དངུལ་ཐད་ཞབས་འདེགས་ཞུ་ཡི་ཡོད། བོད་ལྗོངས་སྤྱི་གསོག་མ་དངུལ་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ནས་ལས་སྒོ་གཉེར་འགོ་ཚུགས་རྗེས། མདུན་གྱི་ལོ་འཁོར་མའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལེན་པ་དང་མ་སྐྱེད་སྤྲོད་པ་ལ་སོགས་པའི་གཉེར་སྒྲུབ་བྱེད་པར་ཡོང་མཁན་མང་བའི་ལས་སྒོ་དང་། དེ་བཞིན་ལས་བྲལ་དང་། ལས་བྲལ་དང་རྒན་ཡོལ་ཞུས་པ། ལས་ཁུར་དགོངས་ཞུ་དང་ལས་གནས་ཕྱིར་སློག ངལ་རྩོལ་འབྲེལ་བ་མཚམས་འཇོག་བྱས་པ་བཅས་ཀྱི་སྤྱི་གསོག་མ་དངུལ་ལེན་པའི་ལས་སྒོའི་ཐད“དཔྱད་གཞི་གཅིག་ཀྱང་མི་དགོས་པར”རེ་ཞུ་ཐུབ་པ་མ་ཟད་ངོ་འཕྲད་མི་དགོས་པར་སྒྲུབ་གཉེར་ཐུབ་པ། རིགས་གཞན་གྱི་མ་དངུལ་ལེན་དགོས་ཚེ། གསལ་འདེབས་བཞིན་འབྲེལ་ཡོད་ཀྱི་དཔྱད་གཞི་བསྐུར་ན་ངོ་འཕྲད་མི་དགོས་པར་ལས་སྒྲུབ་ཐུབ་ཀྱི་ཡོད།

    བཅར་འདྲི་བྱེད་རིང་གསར་འགོད་པར་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ཀྱིས་ཚོད་ལྟ་གཏིང་ཟབ་བྱེད་རིང་། དངུལ་ལེན་ལས་སྒོ་934སྒྲུབ་གཉེར་བྱས་པར་དངུལ་སྒོར་ཁྲི་4479ཟིན་གྱི་ཡོད། “དེའི་ནང་དངུལ་ལེན་ལས་སྒོ་གཉེར་མགྱོགས་ཤོས་ལ་སྐར་མ་ལྔར་དངུལ་རྩིས་ཁྲར་འབྱོར་ཡོད། སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐོར་ལ་ང་ཚོས་ལས་ཀའི་ཉིན་མོ་15ཡི་ནང་དངུལ་རྩིས་ཁྲར་འབྱོར་ཐུབ་པའི་ཁས་ལེན་བྱ་རྒྱུ་ཡིན། དེའི་སྔོན་འགྲོ་ནི་འཛད་སྤྱོད་པས་ཕུལ་བའི་དཔྱད་གཞི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས”ཞེས་རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།