[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ​རྩ་འཛུགས་ཀྱི་ལེགས་ཆ་དབུལ་སྒྲོལ་གྱི་ཕན་ནུས་ལ་སྒྱུར་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-10

    མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་བློ་ལ་བཅངས་པ་དང་། མི་དམངས་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་དམིགས་ཚད་དུ་བཟུང་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དངོས་འབྲེལ་སེམས་ལ་འཇོག་པ་དང་དམ་འཛིན་ནན་པོ་བྱས་ཏེ་ལས་དོན་ཁག་དབུལ་སྒྲོལ་དང་ཟུང་འབྲེལ་ཐུབ་པ་དང་། རྣམ་གྲངས་ཁག་དབུལ་སྒྲོལ་ལ་གཟིགས་སྐྱོང་ཐུབ་པ། ཕྱོགས་ཁག་གི་སྟོབས་ཤུགས་དབུལ་སྒྲོལ་ཐོག་གཅིག་སྡུད་ཐུབ་པ་བཅས་ཀྱི་འགག་སྒྲོལ་རྣམ་པ་ཆགས་པར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་མདུན་ཕྱོགས་སུ་སྐུལ་འདེད་བཏང་ཐོག་སེང་གེ་ཁ་འབབ་གཙང་པོའི་ངོགས་སུ་བརྗིད་ཉམས་ལྡན་པའི་དབུལ་སྒྲོལ་གྱི་བསྟོད་གླུ་བརྩམས་ཡོད།

    གསར་བརྗེའི་ས་བོན་རྒྱུན་འཛིན་གྱིས་བསམ་པའི་སྣེ་ཁྲིད་ལ་མཐོང་ཆེན་བྱེད་པ་ནི་མངའ་རིས་ས་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཐབས་མཆོག་གལ་ཆེན་ཞིག་རེད། མངའ་རིས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས“སྔོན་སྐྱོད་ལན་གྱི་སྙིང་སྟོབས”དང“ཁུང་ཧྥན་སེན་གྱི་སྙིང་སྟོབས”དར་སྤེལ་བཏང་ནས་སེམས་མཐུན་སྟོབས་སྒྲིལ་དང་། གདོང་ལེན་པ་བྱེད་ཕོད་པ། དཀའ་སྤྱད་འབད་འཐབ། ལེགས་སྐྱེས་འབུལ་འདོད་པ་བཅས་བྱས་པས་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་གཞི་རིམ་དུ་དོན་འཁྱོལ་ཏན་ཏིག་ཐུབ་ཡོད། ཉི་མ་དོན་གྲུབ་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་དང་འགལ་རྐྱེན་སྣ་ཚོགས་བསལ་ནས་འབྲོག་ཁུལ་སྒྱུར་བཅོས་བྱས་པས་མི་ཚང་མ་ཁྱིམ་དར་ཕྱུག་འགྱུར་ཐུབ་པའི་ཐབས་ལམ་གསར་པ་གཏོད་ཐུབ་པ་བྱུང་ཡོད།

    འཇོན་ཐང་ཅན་གྱིས་སྐུལ་ཁྲིད་བྱས་ཡོད་ལ། རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་བས་བྱས་ཤིང་། སྤུ་ཧྲེང་རྫོང་གངས་ས་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཁུལ་བབ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་མང་ཚོགས་ཕྱུག་འགྱུར་གྱི་སྒུལ་ཤུགས་སུ་བསྒྱུར་ནས་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་པ་བྱས་ཡོད།

    དབུལ་སྒྲོལ་འགག་སྒྲོལ་མཇུག་ཏུ་ཇི་ཙམ་སླེབས་ཚེ་དཀའ་ཚེགས་དེ་ཙམ་གྱིས་ཆེ་བ་ཡོད་པ་དང་། འཕྲད་པ་ཚང་མ་དབུལ་པོའི་དཀའ་ཚེགས་ནང་གི་དཀའ་ཚེགས་དང་འགག་སྒྲོལ་ནང་གི་འགག་སྒྲོལ་ཡིན་ལ། ལས་འགན་དེ་བས་ལྕི་ལ་དཀའ་ཚེགས་ཆེ་བ་ཡོད་པས། དེའི་སྐབས་སུ་ཏང་འཛུགས་སྐྱོང་ལས་དོན་གྱི་སྣེ་ཁྲིད་ནུས་པ་དེ་བས་འདོན་སྤེལ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། རིམ་པ་བཞིན་དམག་བཀའ་ཁས་ལེན་དམ་བཅའ་འཇོག་པ། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ། གནད་སྨིན་ཇུས་འགོད་དང་གནད་སྨིན་ཇུས་འདོན་བྱེད་པ་བཅས་བྱས་ནས་རྩ་འཛུགས་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ཐོན་ཁུངས། རྩ་འཛུགས་ཀྱི་སྟོབས་ཤུགས་གསུམ་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་ཐོན་ཁུངས། འཕེལ་རྒྱས་ཀྱི་སྟོབས་ཤུགས་གསུམ་ལ་སྒྱུར་དགོས།

    ང་ཚོས་བསམ་བློ་དང་བྱ་སྤྱོད་སྔར་བས་གཅིག་གྱུར་གྱིས་དེ་བས་ནུས་ལྡན་གྱི་བྱ་ཐབས་དང་། དེ་བས་ཁ་གསལ་གྱི་འགན་འཁྲི། དེ་བས་ནན་པའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ“ཏང་འཛུགས་སྐྱོང་ལས་དོན་དོན་འཁྱོལ་ཏན་ཏིག་ཐུབ་པ་དང་། དབུལ་ཞྭ་ཕུད་པ་དང་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་ཐུབ་པ”བྱེད་དགོས།

    688115_yis_1575883122429_s.jpg

    (རྩ་གཉིས་ཨང་རྟགས་འདི་བཤེར་ན་བརྙན་ཐུང་དང་པར་རིས་བལྟ་ཐུབ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།