[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱིས་སྤྱི་ཚོགས་འགན་སྲུང་གཱ་ཁྲི་278.15སྤྲད་པ།

    ​ མི་ཁྲི་231ལྷག་ཙམ་ལ་གཱ་སྤྱོད་ཐུབ་པ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-10

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། ལྗོངས་ཡོངས་སུ་སྤྱི་ཚོགས་འགན་སྲུང་གཱའི་ཆ་འཕྲིན་ཁྲི་313.12འཚོལ་བསྡུ་བྱས་པ་དང་། སྤྱི་ཚོགས་འགན་སྲུང་གཱ་ཁྲི་278.15སྤྲད་པ་དང་འབྲེལ། མི་ཁྲི་231ལྷག་ཙམ་ལ་གཱ་སྤྱོད་ཐུབ་པ་བྱས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། རང་ལྗོངས་ཀྱིས་སྤྱི་ཚོགས་འགན་སྲུང་ཆ་འཕྲིན་མ་ལག་དང་ཡུལ་གཞན་དུ་སྨན་བཅོས་རྩིས་རྒྱག་ལས་སྟེགས་ཀྱི་གཱ་སྤྱོད་པའི་ཁོར་ཡུག་བསྐྲུན་ནས་གྲོང་ཁྱེར(ས་ཁུལ)7གྱི་རྫོང་དང་ཆུས་ཀྱི་སྒྲུབ་གཉེར་སྒྲིག་གཞི་74དང་དམིགས་འཛུགས་སྨན་ཁང་གི་སྨན་རྫས་ཚོང་ཁང་470ལྷག་ཙམ་ལ་རབ་གསུམ་གཱ་སྤྱོད་པའི་སྤྱི་ཚོགས་འགན་སྲུང་གཱའི་མཐའ་སྣེ་སྒྲིག་སྦྱོར་བྱས་པས་ཐོབ་ཐང་ལག་ཁྱེར་དང་། སྨན་བཅོས་འགན་བཅོལ་རྩིས་རྒྱག རྒན་གསོའི་ཐོབ་ཐང་དངུལ་སྤྲོད་པ། དངུལ་རྩ་སོགས་ཀྱི་ཐད་སྤྱི་ཚོགས་འགན་སྲུང་གཱ་ཐོག་མར་སྤྱོད་ཐུབ་ཡོད་པ་རེད། འདི་ལོའི་ཟླ་9པར། སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་རྒན་གསོའི་ཐོབ་ཐང་དངུལ་སྤྲོད་པའི་བྱ་ཐབས་ཚོད་ལྟ་བྱེད་འགོ་ཚུགས་པ་དང་། ཟླ་10པར། རང་སྐྱོང་ལྗོངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་རྒན་གསོའི་ཐོབ་ཐང་དངུལ་ཐེངས་120ལྷག་ཙམ་བདེ་བླག་ངང་སྤྲད་པ་དང་། ཟླ་11པར་ཐེངས་160ལྷག་ཙམ་བདེ་བླག་ངང་སྤྲད་ཡོད་པ་རེད།

    མིག་སྔར། ལྷ་ས་གྲོང་ཁྱེར་གྱིས“ལྷ་སའི་སྦར་མཐིལ་སྤྱི་ཚོགས་འགན་སྲུང་APP”སྤྱོད་འགོ་ཚུགས་པ་དང་དང་། ལྷོ་ཁ་གྲོང་ཁྱེར་གྱིས“ལྷོ་ཁའི་རིག་ལྡན་མི་སྤྱིའིAPP”སྤྱོད་འགོ་ཚུགས་ཤིང་། APPདེ་གཉིས་ནི་སྤྱི་ཚོགས་འགན་སྲུང་གཱའི་ལས་སྒོ་གཙོ་གནད་ཐོག་གཉེར་ས་ཞིག་ཡིན་པ་དང་། དེའི་ནང་གྲངས་གཞི་འཚོལ་བསྡུ་དང་། གཱ་བཟོའི་མགྱོགས་ཚད་འདྲི་བ། གནས་སྐབས་བརླག་ཐོ་འགོད་པ་སོགས་ཚུད་ཡོད་པ་རེད།

    གཞན་ཡང་། གསར་འགོད་པར་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་སྤྱི་ཚོགས་འགན་སྲུང་གཱའི“གཱ་གཅིག་ཀུན་འཐུས”བརྒྱུད་སྤྲོད་པའི་ལས་དོན་སྤེལ་རྒྱུ་ཚོད་ལྟ་བྱ་རྒྱུ་དང་། སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་མི་སེར་གྱི་ཞིང་ཕན་མ་དངུལ་ཚང་མ་སྤྲད་དེ་མ་དངུལ་དུད་ཚང་དང་མི་ཚང་མར་གནད་སྨིན་ཁ་གསབ་ཐུབ་པ་བྱ་རྒྱུ་རེད། བྱ་ཐབས་དེས་ཁ་གསབ་མ་དངུལ་སྤྲོད་པའི་ལྟ་འདོམས་ཚད་ལྡན་དུ་གཏོང་བར་ཕན་པ་ཐོབ་ནས་བརྒྱུད་རིམ་ཉུང་དུ་གཏོང་བ་དང་། ཁ་གསབ་མ་དངུལ་གྱི་སྲིད་ཇུས་ཞིབ་བཤེར་གཏན་འབེབས་བྱེད་པ། མ་དངུལ་སྤྲོད་པ། མ་དངུལ་ལེན་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་ནུས་ལྡན་འགྲོ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།