[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ནང་བསྟན་སློབ་གླིང་གིས“ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྙན་ཞུའི་སྤེལ་རེས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-07

     ཚེས་4ཉིན་གྱི་ཕྱི་དྲོ། བོད་ལྗོངས་ནང་བསྟན་སློབ་གླིང་གིས“ཚད་གཞི་བཞི་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྙན་སེང་སྤེལ་རེས་ཚོགས་འདུ་འཚོགས་པ་དང་། འཛིན་གྲྭའི་ཀྲུའུ་རེན་དང་། ན་གཞོན་བླ་སྤྲུལ། ཡོངས་འཛིན་བཅས་སོ་སོས་སྙན་སེང་ཞུས་པ་རེད།

    ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། དེ་བཞིན་ལྗོངས་ཡོངས་ཀྱི་དུས་ཐེངས་དང་པོའི་ཆོས་ལུགས་ལས་རིགས་ཀྱི་མཚོན་བྱེད་མི་སྣའི་བླ་སྤྲུལ་ཡང་སྲིད་དོ་དམ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དང་། ལྗོངས་ཡོངས་ཀྱི“ཚད་གཞི་བཞིའི”སློབ་གསོ་ལག་ལེན་བྱེད་སྒོའི་ལྷོ་ཁའི་ས་གནས་ས་ཐོག་གི་ཚོགས་འདུའི་དགོངས་དོན་ལག་བསྟར་བྱ་ཆེད། ད་ཐེངས་ཀྱི་སྙན་ཞུ་སྤེལ་རེས་ཚོགས་འདུའི་ཐོག་སྙན་ཞུ་དང་སྤེལ་རེས་བྱས་པ་བརྒྱུད་བྱ་ཐབས་ཡག་པོ་ཤེས་རྟོགས་བྱུང་བ་དང་། ཕྱོགས་སྟོན་ཡང་དག་བཏོན་པ། ཉམས་མྱོང་བཟང་པོ་དྲིལ་བསྒྲགས་དང་། མིག་དཔེ། ཁྱབ་གདལ་བཅས་བཏང་ནས་དེ་བས་ལེགས་པའི་ངང་སློབ་གསོ་ལག་ལེན་བྱེད་སྒོ་གྲྭ་བཙུན་སློབ་མ་ཚོའི་སེམས་སུ་ཟུག་པ་བྱས་ཡོད་ཅེས་བཏོན་པ་རེད། 

    ཚོགས་འདུའི་ཐོག་འཛིན་གྲྭའི་ཀྲུའུ་རེན་ཁག་གིས་ཚོགས་འདུ་ཁག་གི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་བྱེད་སྒོའི་ཇུས་གཞིར་དམ་པོར་དམིགས་ནས་ཞིབ་བསྡུར་སྐྱོན་བཤེར་དང་དག་ཐེར་བྱས་ཏེ་ལས་ཀའི་ནུས་པ་ཆེ་རུ་གཏོང་དགོས་པ་མ་ཟད། ཏང་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་གྲྭ་བཙུན་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།