[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་ནུས་རྒྱུ་གཙང་མ་ལོར་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་16.53ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-06

     གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2015ལོར་བོད་ཀྱིས་གློག་ཤུགས་ཕྱིར་གཏོང་ཐེངས་དང་པོ་བྱས་ཚུན་དུ་ནུས་རྒྱུ་གཙང་མ་འབེལ་བའི་བོད་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ཡོད་པ་རེད། མིག་སྔའི་བར་ལྗོངས་ཡོངས་ཀྱི་ཆུ་གློག་སོགས་ནུས་རྒྱུ་གཙང་མ་ལོ་རེར་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་16.53ཟིན་པ་དེ་2018ལོའི་ལྡབ་1.96ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མཚོ་བོད་དང་། ཁྲོན་བོད། བོད་དབུས་བཅས་ཀྱི་དྲ་སྦྲེལ་ལས་གྲྭ་3གྱི“གློག་ཤུགས་མཁའ་ལམ”ལ་བརྟེན་ནས། མིག་སྔར་བོད་ཀྱི་རྫོང་64ལ་གློག་དྲ་ཨ་མ་ཁྱབ་པ་དང་མི་འབོར་ཁྲི་278ལ་གློག་མཁོ་འདོན་བྱས་པ་མ་ཟད། བོད་ལྗོངས་ཁུལ་གྱི་གློག་སྤྱོད་ཚད་ཀྱང་ད་བར་འཕར་མགྱོགས་པའི་རྣམ་པ་མངོན་ཞིང་། འདི་ལོའི་ཟླ་དགུ་པར་ལས་འགོ་ཚུགས་པའི་མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་མཐུད་ལས་གྲྭ་2021ལོར་ལེགས་གྲུབ་ཟིན་རྒྱུ་ཡིན་པས། སྐབས་དེ་དུས་བོད་ཀྱི་རྫོང་ལྷག་མ་བཅུ་པོ་དེ་དག་ཀྱང་གློག་དྲའི་སྦྲེལ་མཐུད་ནང་ཞུགས་ཐུབ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།