[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-06

    ཉེ་ཆར། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། བྱ་ཐབས་སྣ་ཚོགས་སྤྱད་ནས“རྩ་ཁྲིམས་དྲིལ་བསྒྲཌ་གཟའ་འཁོར”གྱི་བྱེད་སྒོ་སྤེལ་བར་མང་ཚོགས་ཚོའི་དགའ་བསུ་རྒྱ་ཁྱབ་ཐོབ་པ་རེད།

    ཟླ་12ཚེས་4ཉིན། བོད་ཀྱི་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་དང་སྡེ་ཚན་མང་པོས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཡུ་ཐོག་ལམ་དུ“དྲིལ་བསྒྲགས་ས་ཚིགས་འཛུགས་པ”དང་། འཕྲེད་ཡིག་འགེལ་བ། འགྲེམས་པང་བཟོ་བ། བརྙན་ལམ་སྟོན་པ་སོགས་བྱས་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་དྲུག་པ་དང་དེ་བཞིན་རང་ལྗོངས་ཀྱི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”སྐབས་གཉིས་པ། “རྩ་ཁྲིམས་དྲིལ་བསྒྲགས་ཁྲོམ་གཞུང་གཅིག”བཅས་ཀྱི་བྱེད་སྒོ་སྤེལ་བ་རེད། ཚན་པ་ཚང་མས“བྱ་ཐབས་སྣ་ཚོགས”སྤྱད་དེ་བོད་རྒྱ་སྐད་ཡིག་གཉིས་ལ་བརྟེན་ནས་དྲིལ་བསྒྲགས་བྱེད་པ་དང་། འགུལ་རིས་བརྙན་ཐུང་བཟོ་བ། དྲིལ་བསྒྲགས་སྦྱར་ཡིག་ཡོད་པའི་ཕྱག་རྟགས་སྤྲོད་པ། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ལས་སྟེགས་ཀྱི་རྩ་གཉིས་ཨང་རྟགས་བཤེར་ན་དྲན་རྟེན་དངོས་པོ་སྤྲོད་པ། ཡིག་མཁན་གདན་དྲངས་ནས་ས་ཆ་དངོས་སུ་ཡིག་གཟུགས་བྲིས་ནས་སྤྲོད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་གསར་འགོད་པར་མཐོང་བྱུང་།

    “ང་ལོ་ལྟར་འདིར་ཡོང་གི་ཡོད། འདི་ལོའི་བག་ཆགས་ཟབ་ཤོས་ནི་ལྷ་ས་འགག་སྒོས་བཙུགས་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་ལ་རྡུང་རྡེག་ནན་པོ་བཏང་བའི་འགྲེམས་པང་དེ་རེད། གྱོད་དཔེ་དངོས་ལ་བརྟེན་ནས་ང་ཚོར་གང་ཞིག་བྱེད་ཆོག་པ་དང་གང་ཞིག་བྱེད་མི་ཆོག་པ་གསལ་བཤད་བྱས་པས། དེ་ནི་ཐད་ཀར་མཐོང་ཐུབ་པ་དང་ལྷག་པར་དུ་དང་ལེན་བྱེད་བདེ་པོ་འདུག”ཅེས་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་སྐལ་བཟང་ཕུན་ཚོགས་ཀྱིས་བཤད། ཁོང་ལ་ད་ཆ་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་མང་ཚོགས་དང་དེ་བས་འབྲེལ་འདྲིས་ཟབ་ཏུ་འགྲོ་བ་དང་། མི་སེར་གྱི་ཁྲིམས་སྐྱོང་འདུ་ཤེས་ཀྱང་དེ་བས་ཟབ་ཏུ་འགྲོ་བཞིན་པའི་ཚོར་སྣང་ཟབ་མོ་བྱུང་བ་རེད། བྱེད་སྒོར་ཞུགས་པའི་རང་སྐྱོང་ལྗོངས་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཟླ་བ་བཀྲ་ཤིས་ཀྱིས“འདི་ལོ་ང་ཚོས་མཛོ་སྒང་རྫོང་བོད་ཤར་ཁྲིམས་རྩོད་པའི་ལས་དོན་ཁང་བཙུགས་པ་དེ་ནི་བོད་ཀྱི་རྫོང་དུ་བཙུགས་པའི་ཁྲིམས་རྩོད་པའི་ལས་དོན་ཁང་དང་པོ་དེ་རེད། གཞི་རིམ་མི་སེར་གྱི་བཅའ་ཁྲིམས་ཀྱི་དགོས་མཁོ་སྐོང་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། སླད་ཕྱིན་ང་ཚོས་གྲོང་ཚོ་དང་གྲོང་ལྷན་གྱི་བཅའ་ཁྲིམས་བློ་འདྲིའི་བསྡུར་གྲངས་མུ་མཐུད་ཆེ་རུ་བཏང་སྟེ་ལྗོངས་ཕྱི་ནས་ཡོང་བའི་ཁེ་ལས་ཀྱིས་ཆུས་དང་རྫོང་དུ་ཁྲིམས་རྩོད་པའི་ལས་དོན་ཁང་འཛུགས་རྒྱུར་ལྕག་སྐུལ་བྱས་ཏེ་མི་སེར་གྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་ཁོང་ཚོའི་བཅའ་ཁྲིམས་ཀྱི་དགོས་མཁོ་བསྐང་རྒྱུ་ཡིན་ཞེས་གསར་འགོད་པར་བཤད་བྱུང་།

    ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང“རྩ་ཁྲིམས་ལ་དམ་བཅའ་འཇོག་པའི”མཛད་སྒོ་གཉེར་བ་རེད། དམ་བཅའ་འཇོག་ཡུལ་དུ། རང་སྐྱོང་ལྗོངས་ཏང་ཨུད་ཁྲིམས་བཞིན་བོད་སྐྱོང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཞའོ་ཁྲོན་ཅང་གིས་ལག་གཡོན་མ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཐོག་བཞག་པ་དང་། ལག་གཡས་པ་བཏེགས་ནས་དེ་གའི་མི་ཚང་མའི་སྣེ་ཁྲིད་དེ་རྔམ་བརྗིད་ལྡན་པའི་ངང“ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་དཀར་སེམས་དཀར་དང་། རྩ་ཁྲིམས་ཀྱི་ཁེ་དབང་ལ་སྲུང་སྐྱོང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་སྒྲུབ་པ། མེས་རྒྱལ་དང་མི་དམངས་ལ་བློ་དཀར་སེམས་དཀར། རང་འགན་གཙང་སྒྲུབ་དང་སྤྱོད་གཙང་གཞུང་དྲང་བཅས་བྱེད་པའི་ཁར་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུའི་དམ་བཅའ་འཇོག་རྒྱུ་ཡིན”ཞེས་དམ་བཅའ་བཞག་པ་ལས། ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པའི་རྩ་ཁྲིམས་དར་སྤེལ་གཏོང་བའི་སྙིང་སྟོབས་དང་རྩ་ཁྲིམས་ཀྱི་འགན་འཁྲི་གཙང་སྒྲུབ་བྱེད་པའི་ཆོད་སེམས་བརྟན་པོ་བརྒྱུད་སྤྲོད་བྱས་ཡོད།

    ཚེས་4ཉིན་གྱི་སྔ་དྲོར། ཉིང་ཁྲི་གྲོང་ཁྱེར་དུ“རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཁྲིམས་སྐྱོང་ཉིང་ཁྲི་འཛུགས་སྐྱོང་བྱེད། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་དང་ཉིང་ཁྲི་གྲོང་ཁྱེར་གྱི་ཁྲིམས་སྐྱོང་གཙོ་དོན་སྤྱི་གླིང་གི་སྒོ་བྱང་གི་ཡོལ་བ་འབྱེད་པའི་མཛད་སྒོ་གཉེར་བ་རེད། 

    བྱེད་སྒོའི་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་བཅའ་ཁྲིམས་ཁྱབ་གདལ་སྒྲིག་གཞིས་རིགས་ཁག་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྣ་ཚོགས་ཀྱི་འགྲེམས་པང་ཁྱོན་40ལྷག་ཙམ་བཙུགས་པ་དང་། དྲིལ་བསྒྲགས་ཀྱི་འཕྲེད་ཡིག་120ལྷག་ཙམ་བཀལ་བ། དྲིལ་བསྒྲགས་དཔྱད་གཞི་27000ལྷག་ཙམ་སྤྲད་པ། དྲིལ་བསྒྲགས་དྲན་རྟེན་སྣ་ཚོགས་2400ལྷག་ཙམ་སྤྲད་པ། མི་ཐེངས་60ལྷག་ཙམ་གྱི་ཁྲིམས་ལུགས་བློ་འདྲིར་ལན་བཏབ་པ་བཅས་རེད།

    ཉིན་ཤས་གོང་། བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་འཛིན་བརྟག་ཞིབ་ཉིང་ལག་རུ་ཁག་གིས“རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ”དང“《བོད་རང་སྐྱོང་ལྗོངས་མཐའ་མཚམས་དོ་དམ་སྲོལ་ཡིག》དྲིལ་བསྒྲགས་དང་དོགས་འདྲིར་ལན་འདེབས་པའི”བྱེད་སྒོ་སྤེལ་བ་རེད། “ཁྲིམས་བཞིན་མཐའ་མཚམས་ལ་དོ་དམ་དང་བཅོས་སྐྱོང་བྱས་ནས་ཞི་མཐུན་མཐའ་མཚམས་འཛུགས་སྐྱོང”གི་བརྗོད་དོན་གཙོ་བོར་དམིགས་ནས། ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་མིག་སྔའི་མཐའ་མཚམས་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བར《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་སྲོལ་ཡིག》བཟོ་བཅོས་ཀྱི་ནང་དོན་གཙོ་བོ་འགྲེལ་བཤད་བརྒྱབ་ནས། མང་ཚོགས་ཁག་གཅིག་གིས་མཐའ་མཚམས་ལམ་ཡིག་གཉེར་སྟངས་དང་མཐའ་མཚམས་དོ་དམ་ཁུལ་ནས་འགྲོ་འོང་བྱེད་སྟངས་ཐད་བཏོན་པའི་འབྲེལ་ཡོད་གནད་དོན་ལ་ལན་བཏབ་པ་རེད། 

    686939_yis_1575525337063.jpg

    འདི་ནི་ལྷ་སའི“རྩ་ཁྲིམས་དྲིལ་བསྒྲགས་ཀྱི་ཁྲོམ་གཞུང་གཅིག”གི་བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ལས་དོན་པས་གྲོང་མིར《རྒྱལ་མཚམས་འཛུལ་སྒྲོལ་གྱི་སྲོག་ཆགས་དང་སྐྱེ་དངོས་ཀྱི་ནད་ཡམས་བརྟག་ཞིབ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》འགྲེལ་བཤད་རྒྱག་བཞིན་པ།

    686940_yis_1575525337594.jpg

     འདི་ནི་ཆབ་མདོ་གྲོང་ཁྱེར་དངུལ་ཁང་ཁོངས་གཏོགས་ཀྱི་ལས་དོན་པས་གྲོང་མིར་དངུལ་ལོར་རྫུན་མར་འགོག་རྒོལ་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།