[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱི་དྲ་ཐོག་ཚོང་དོན་ལས་སྟེགས་ནས་ཉོ་ཚོང་སྒོར་ཁྲི་ཆིག་སྟོང་ལས་བརྒལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-03

    ཟླ་11ཚེས་28ཉིན། གསར་འགོད་པར་ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ཆབ་མདོས་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་བྱེད་སྟངས་ལག་ལེན་བསྟར་ནས་གྲོང་གསེབ་ཏུ་དྲ་ཐོག་ཚོང་དོན་གཉེར་བ་དང་ཞིང་ཞོར་ཐོན་ཟོག་གྲོང་ཁྱེར་དུ་བཙོངས་ཏེ་མང་ཚོགས་དབུལ་པོར་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་དང་། སྨར་ཁམས་རྫོང་། དཔལ་འབར་རྫོང་བཅས་སྔ་རྗེས་སུ་ཚོང་དོན་པུའུ་དང་ནོར་སྲིད་པུའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་གཉེར་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་དུ་འདུན་ཞུ་བྱས་པར་ལེགས་གྲུབ་བྱུང་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་རྫོང་ཁོངས་ཀྱི་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་3དང་། O2Oའགྲེམས་འཚོང་ལྟེ་གནས་5 རྫོང་ཁོངས་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་3 ཤང་གྲོང་གི་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་24 གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུའི་ས་ཚིགས་116བཅས་བསྐྲུན་པ་དང་། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གསོ་སྦྱོང་ཐེངས་115སྤེལ་བར་རིམ་རྩིས་བྱས་ན་མི་ཐེངས་3609ཟིན་པ། དྲ་ཐོག་ཚོང་དོན་གྱི་ཉོ་ཚོང་བསྡོམས་འབོར་སྒོར་ཁྲི་1005.8ཟིན་པ། རིམ་རྩིས་བྱས་ན་བསྐུར་མ་ཁྲི་5ལྷག་ཙམ་སྡེབ་སྐྱེལ་བྱས་པ་དང་། ཞབས་ཞུའི་ས་ཚིགས་ནས་ཚབ་ཉོ་དང་། དངུལ་ཚབ་སྤྲོད་པ། ཚབ་ལེན་ཚབ་བསྐུར། བློ་འདྲི་སོགས་ཀྱི་ཞབས་འདེགས་ཐེངས་ཁྲི་6ལྷག་ཙམ་ཞུས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།