[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གཞིས་རྩེས་རིག་གནས་ཐོན་ལས་ཀྱི་སྤུས་རྟགས་བཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-03

    འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱིས“རིག་གནས+”ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་ཡུལ་སྐོར་ཐོན་ལས་དང་། རིག་གནས་འཁྲབ་སྟོན་ལས་རིགས། མི་རིགས་ལག་ཤེས་བཟོ་རྩལ་ལས་རིགས། ཚོང་དོན་ཚོགས་འགྲེམས་ལས་རིགས་བཅས་མཉམ་འདྲེས་བྱས་ནས་རིག་གནས་ཐོན་ལས་ཀྱི་སྤུས་རྟགས་བཏོད་ཡོད།

    གླིང་ཁུལ་གྱི་སྤུས་རྟགས་བཏོད་པ། གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་བོད་ཀྱི་རིག་གནས་འགྲེམས་སྟོན་དང་། ཇོ་མོ་གླང་མའི་ལུས་རྩལ་ཉམས་ལེན། བོད་སྨན་ལ་བརྟེན་ནས་ལུས་གསོ་དང་སྤྲོ་སྐྱིད། ཡུལ་སྐོར་སོས་དལ་བཅས་ཀྱིས་གཙོས་པའི་ཀྲུང་གོའི་བོད་ལྗོངས་ཀྱི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་བསམ་བཀོད་ཐོན་ལས་གླིང་བསྐྲུན་ཡོད། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་བསམ་བཀོད་ཐོན་ལས་གླིང་གིས་རྒྱལ་ཁབ་རིམ་པའི་རིག་གནས་ཡུལ་སྐོར་བསམ་བཀོད་ཐོན་ལས་གླིང་གཏོད་རྒྱུར་གཞི་ཚུགས་ཏེ་རིག་གནས་འགྲེམས་སྟོན་དང་། རིག་གནས་འཁྲབ་སྟོན། རིག་གནས་སོས་དལ། རིག་གནས་བསམ་བཀོད། ཐོན་ལས་སྐྱེད་སྲིང་། ལུས་རྩལ་སོས་དལ་ཉམས་ལེན། རྩེར་སོན་གསོལ་མགྲོན་ཁང་བཅས་གཞི་གཅིག་ཏུ་བསྡུས་ཡོད། 

    ཐང་ཀའི་ཐོན་ལས་ཀྱི་སྤུས་རྟགས་བཏོད་པ། གཞིས་རྩེ་གྲོང་ཁྱེར་གྱིས་སྲིད་གཞུང་གིས་སྣེ་ཁྲིད་དང་ཁྲོམ་རས་གཉེར་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་ལྗོངས་གཞིས་རྩེའི་ཐང་ཀའི་མཐུན་ཚོགས་བཙུགས་པ་དང་དེའི་གཤམ་དུ་ཐང་ཀའི་སྒྱུ་རྩལ་གླིང་དང་ཐང་ཀ་གསལ་འབྱེད་ཨུ་ལྷན་བཙུགས་ཡོད། བོད་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་དོ་དམ་གྱི་ཤེས་ལྡན་པའི་སྤེལ་རེས་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་དང་ལྗོངས་ཡོངས་ཀྱི་ཐང་ཀའི་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ་ཐང་ཀའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ལྷ་འབྲི་བ་ཆེ་མོ་མི་རེར་སྒོར་ཁྲི་1.5ཡི་རོགས་སྐྱོར་ཚད་གཞི་ལྟར་ལྷ་འབྲི་བ་ཆེ་མོ་100དང་ཤེས་ལྡན་པ་གསོ་སྐྱོང་གི་ཆེད་དོན་རོགས་སྐྱོར་གྲོས་མཐུན་བཞག་ཡོད། 

    མི་རིགས་ཀྱི་ལག་ཤེས་བཟོ་ལས་སྤུས་རྟགས་བཏོད་པ། གཞིས་རྩེ་གྲོང་ཁྱེར་གྱིས་མི་རིགས་ལག་ཤེས་བཟོ་ལས་སྣ་མང་ཅན་དང་ཁྱད་པར་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་མི་རིགས་ཀྱི་དམིགས་བསལ་མཁོ་ཆས་ནས་ཡུལ་སྐོར་དྲན་རྟེན་དངོས་པོར་འགྱུར་བ་བྱས་ཡོད། སྲོལ་རྒྱུན་གྱི་བཟོ་རྩལ་དང་ཁྲོམ་རའི་དགོས་མཁོ་ཟུང་འབྲེལ་བྱས་ཏེ་བཟོ་རྩལ་དང་ལག་རྩལ་ཐད་གསར་གཏོད་བྱས་ཤིང་། གཙོ་བོ་བོད་སྤོས་དང་། བོད་རུམ། བོད་གྲི ཀོ་ཆས། གསེར་དངུལ་ཟངས་ཆས། མི་རིགས་ཀྱི་གྱོན་ཆས་སོགས་ཁྱད་ལྡན་ལག་ཤེས་ཐོན་རྫས་གསར་སྤེལ་བྱས་ཡོད། བཀྲ་ཤིས་སྐྱིད་ཚལ་གསེར་དངུལ་ཟངས་ཆས་ལས་སྣོན་བཟོ་གྲྭ་སོགས་སྟོབས་ཤུགས་དང་ཤུགས་རྐྱེན་ལྡན་པའི་མི་རིགས་ལག་ཤེས་བཟོ་རྩལ་གྱི་རྐང་འཛིན་རིག་གནས་ཁེ་ལས་ཁག་གཅིག་གསོ་སྐྱོང་བྱས་པ་དང་། དབང་ལྡན་ཁ་གདན་སོགས་ཁྱད་ལྡན་རྣམ་གྲངས་འཛུགས་སྐྲུན་ཧུར་ཐག་བྱས་ཡོད། མིག་སྔར། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་མཉམ་ལས་ཁང་5000ཡན་ཟིན་པ་དང་དེར་ཞུགས་མཁན་ལས་མི་ཆིག་ཁྲི་ལྷག་ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།