[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-03

    ཟླ་11ཚེས་29ཉིན། བོད་ལྗོངས་དངུལ་ཁང་གི་གྲོང་ཁྱེར་དང་ས་ཁུལ་གྱི་ཡན་ལག་དངུལ་ཁང་མཇུག་ཤོས་ཡིན་པའི་ལྷོ་ཁ་ཡན་ལག་དངུལ་ཁང་གི་སྒོ་བྱང་བཀལ་ནས་ལས་སྒོ་གཉེར་བ་དེས་ལྗོངས་ནང་ཁུལ་གྱི་གྲོང་ཁྱེར་དང་ས་ཁུལ་དུ་བོད་ལྗོངས་དངུལ་ཁང་གི་དྲ་ཚིགས་ཁྱོན་ཡོངས་ལ་ཁྱབ་པ་མཚོན་གྱི་ཡོད།

    བོད་ལྗོངས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གི་ཧང་ཀྲང་གཡུ་སྒྲོན་གྱིས་བོད་ལྗོངས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་ལ་འདི་ལོའི་ཟླ་6པར་ལས་སྒོ་གཉེར་ཆོག་པའི་ཆོག་མཆན་ཐོབ་པ་མ་ཟད། འདི་ལོའི་ཟླ་11པར་དངུལ་རྩའི་ཆོག་འཐུས་ལག་ཁྱེར་ཐོབ་པ་རེད། ལྷོ་ཁ་ཡན་ལག་དངུལ་ཁང་ལས་སྒོ་གཉེར་རྗེས“བོད་ལ་གཞིས་ཚུགས་པ་དང་། རྒྱལ་ཡོངས་ལ་ཁ་ཕྱོགས་པ། བོད་ལ་ཞབས་འདེགས་ཞུ་བའི”ཞབས་ཞུའི་དམིགས་ཡུལ་ཐོག་ནས་ལྷོ་ཁ་གྲོང་ཁྱེར་གྱི་དམངས་འཚོ་དང་། རྨང་གཞིའི་སྒྲིག་བཀོད། ཁེ་ལས་འབྲིང་ཆུང་སོགས་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན་ལ། གྲོང་གསེབ་གསར་པ་འཛུགས་སྐྲུན་ལའང་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཞིང་འབྲོག་པར་ཐོན་འཕར་འབབ་འཕར་ཡོང་བར་སྐུལ་འདེད་བཏང་སྟེ། ལྷོ་ཁའི་འཕེལ་རྒྱས་ལ་ཕྱོགས་ཡོངས་དང་སྟབས་བདེའི་གཟིགས་སྐྱོང་གི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།