[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཁང་དམར་རྫོང་གིས“ཐོག་མའི་བསམ་འདུན་གྱི་དཔེ་དེབ་ཁང”དང“ཐོག་མའི་བསམ་འདུན་གྱི་སློབ་ཁང”བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-22

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གིས་སྲིད་འཛིན་གྲོང་ཚོ་47གྱི“ཞིང་པའི་དཔེ་དེབ་ཁང”ལ་བརྟེན་ནས“ཐོག་མའི་བསམ་འདུན་གྱི་དཔེ་དེབ་ཁང”བཙུགས་པ་དང་། ཞིང་འབྲོག་པའི“དུས་རབས་གསར་པའི་ཁྲིད་སྦྱོང་ཁང”ལ་བརྟེན་ནས“ཐོག་མའི་བསམ་འདུན་གྱི་སློབ་ཁང”བཙུགས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་ཞིང་འབྲོག་ཏང་ཡོན་གྱི་སེམས་སུ་ཟུག་རྒྱུར་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། རྫོང་དེས་ཞིང་འབྲོག་ཏང་ཡོན་སྒྲིག་འཛུགས་བྱས་ཏེ། མི་ཐེངས་2000ལྷག་ཙམ་ལ་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་བྱས་པ་དང་གསར་བརྗེའི་གློག་བརྙན་ཐེངས་90ལྷག་ཙམ་གཅིག་སྡུད་ཐོག་བལྟས་པ་རེད། ཏང་ཡོན་རྒན་གྲས་སྒྲིག་འཛུགས་བྱས་ཏེ“བོད་གསར་པའི་བདེ་སྐྱིད་དང་བོད་རྙིང་པའི་སྡུག་བསྔལ་བསྡུར་བའི”བྱེད་སྒོ་ཐེངས་30ལྷག་ཙམ་སྤེལ་བ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་བྱ་རྒྱུར་དམིགས་ནས་གཏམ་བཤད་སྤེལ་རེས་ཐེངས་40བྱས་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་དང་གུང་ཁྲན་ཏང་ཡོན་གྱིས་ཆོས་ལ་དད་པ་མི་བྱེད་པའི་ཁས་ལེན་ཡི་གེ་1500ལྷག་ཙམ་ལ་མིང་རྟགས་བཀོད་ནས“ཐོག་མའི་བསམ་འདུན་གྱི་དཔེ་དེབ་ཁང”དང“ཐོག་མའི་བསམ་འདུན་གྱི་སློབ་ཁང”དེ་དག་ཞིང་འབྲོག་ཏང་ཡོན་དང་མང་ཚོགས་ཀྱི་ཏང་གཤིས་སློབ་གསོའི“གསར་བརྗེའི་ཞུན་ཐབ”ཅིག་ལ་ཏན་ཏིག་བཏོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།