[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱིས་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་བཅོས་སྒྲིག་ཧུར་ཐག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-22

    2019ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་གཞི་རིམ་ཏང་འཛུགས་སྐྱོང་གི“དོན་དངོས་ཁག་བཅུ་གཉིས”ལ་དམ་འཛིན་བྱས་ཏེ་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་བཅོས་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ནད་གཞི་འཕྱུགས་པ་མེད་པར་བཙལ་ཏེ་རྣག་ཐོག་བཙག་འཁེལ་གྱི་སྨན་བཅོས་ཡག་པོ་བྱས་ཐོག་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་མཐུན་སྒྲིལ་མཁས་པ་དང་། འཕེལ་རྒྱས་ཤེས་པ། ཕྱུག་འགྱུར་འཇོན་པ། བརྟན་ལྷིང་འགན་ལེན། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་སྐབས་ནུས་པ་ཐོན་པ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་སྔར་བས་བརྟན་པོ་བསྐྲུན་པ་རེད།

    ཚན་ཁག་ལེགས་འདེམས་དང་སྟོབས་ཆེར་བཏང་ནས་གཞི་རིམ་གྱི་མི་འདེམས་དཀའ་བའི་གནད་དོན་ཐག་གཅོད་བྱས་པ།

    ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལེགས་འདེམས་དང་སྟོབས་ཆེར་གཏོང་རྒྱུ་ནི་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་བྱེད་པའི་ལས་འགན་ཨང་དང་པོ་ཡིན་ཞིང་། “ནད་གཞི”འཕྱུགས་པ་མེད་པར་བཙལ་ནས་གཞིས་རྩེས“ཐབས་མཆོག”དང་པོ་དེ་བཏོན་ཏེ་མི་འདེམས་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད།

    གཞི་རིམ་ཏང་འཛུགས་སྐྱོང་གི་ཞན་ཆའི་ལྷུ་ཚིགས་ལ་དམ་འཛིན་ཡག་པོ་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱིས“ལས་བྱེད་པ་གཞི་རིམ་དུ་སྐྱོད་པ་དང་གཞི་རིམ་ནས་ལས་བྱེད་པ་ཐོན་པའི”མི་སྣ་སྤྱོད་པའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་བྱས་ཏེ། ལས་བྱེད་པ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གྲོང་ཚོར་ལས་གནས་ཁུར་བར་འདེམས་གཏོང་བྱས་པ་རེད། མིག་སྔའི་བར་ཁྱོན་ཕུལ་བྱུང་གཞོན་ནུ་ལས་བྱེད་པ་61ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་འདེམས་གཏོང་བྱས་ནས་ལས་བྱེད་པ་གཞི་རིམ་དུ་སྐྱོད་པ་དང་གྲོང་གསེབ་ཏུ་གཞི་ཚུགས་རྒྱུར་སྐུལ་འདེད་བཏང་བ་དང་འབྲེལ། ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི(གྲོང་ལྷན)ཆབ་སྲིད་ཀྱི་ཟུར་ཁྲིད་པ་དང་ཧྲུའུ་ཅི་དང་པོ་ཡོངས་ཁྱབ་བྱུང་བ་རེད།

    བསམ་བློའི་འབྱུང་རྩར་དམ་འཛིན་བྱས་ཏེ་གཞི་རིམ་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ།

    “གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་བྱང་ཚད་དང་འཇོན་ཐང་མཐོར་གཏོང་འདུ་འགོད”ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་ནི་གཞིས་རྩེ་གྲོང་ཁྱེར་གྱིས་བཏོན་པའི“ཐབས་མཆོག”གཉིས་པ་དེ་རེད།

    གཞི་རིམ་ཏང་རྩ་འཛུགས་ཀྱི་ཁོངས་མི་ཁ་ཤས་ཀྱི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སོགས་སྦྱོང་དགོས་ངེས་ཀྱི་ནང་དོན་དུ་བརྩིས་ནས་ཕུགས་བསམ་དད་སེམས་དང་། དེ་བཞིན་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ཀྱི་སློབ་གསོ་སླར་ཡང་རྒྱག་རྒྱུ་གཏིང་ཟབ་ཏུ་བཏང་ནས་ཏང་ལ་ལྷག་བསམ་རྣམ་དག་དང་བྱང་ཚད་ལ་ཉམས་སད་ཐེག་ཐུབ་པའི་ཏང་ཀྲི་པུའི་ཧྲུའུ་ཅིའི་དཔུང་ཁག་ཅིག་སྐྱེད་སྲིད་བྱེད་པ་དང་ཧུར་ཐག་བཙུགས་པ་རེད།

    རིམ་དབྱེ་ཁག་བགོས་ཀྱི་གསོ་སྦྱོང་མ་ལག་བཙུགས་ནས་འཆར་ཅན་རང་བཞིན་གྱི་སློབ་གསོ་དང་གཅིག་སྡུད་སློབ་གསོ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་གཅིག་སྡུད་འཛིན་གྲྭ་འཛུགས་པ་དང་། ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱེད་པ། སྒོ་ཁར་སློབ་ཁྲིད་བྱེད་པ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་གཉེར་བ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་སྦྱོང་བརྡར་སྒར་དུས་ཐེངས་15གཉེར་ནས་མི་1500ལ་གསོ་སྦྱོང་བྱས་པ་དང་། རྫོང(ཆུས)18ཀྱིས་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་ཆབ་སྲིད་སློབ་གསོའི་རིགས་ཀྱི་གསོ་སྦྱོང་ཐེངས་160ལྷག་ཙམ་བྱས་པར་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་བྱང་ཚད་དང་འཇོན་ཐང་རིམ་བཞིན་ཆེ་རུ་ཕྱིན་པ་རེད།

    གནད་སྨིན་ཇུས་འདོན་མངོན་གསལ་དོད་པོ་བྱས་ཏེ་གཞི་རིམ་གྱི་དམག་འཐབ་མཁར་རྫོང་གི་གསོན་ཤུགས་འཕེལ་བར་བྱས་པ།

    གནད་སྨིན་བཅོས་སྒྲིག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་དང་དོན་འཁྱོལ་བྱས་ནས“ཀྲི་པུའུ་གཅིག་ལ་ཇུས་གཞི་གཅིག”དང་གནད་དོན་གཅིག་ལ་བྱེད་ཐབས་ཆ་ཚང་གཅིག་མཐའ་འཁྱོངས་བྱེད་པ་ནི་གཞིས་རྩེ་གྲོང་ཁྱེར་གྱིས་བཏོན་པའི“ཐབས་མཆོག”གསུམ་པ་དེ་རེད།

    མིག་སྔའི་བར་གཞིས་རྩེ་གྲོང་ཁྱེར་གྱིས་བཅོས་སྒྲིག་ཇུས་གཞི་180དང་བཅོས་སྒྲིག་བྱེད་ཐབས་615གནད་ལ་འཁེལ་པོས་བཟོས་ཏེ་རྫོང(ཆུས)ཁག་ལ་རྫོང(ཆུས)ཨུད་ཀྱི་ཧྲུའུ་ཅི་དང་། རྒྱུན་ཨུའི་ཚན་ཁག་གི་ཁོངས་མི། ཏང་གི་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་གནས་སྦྱར་བཅོས་སྒྲིག “འགོ་ཁྲིད་ཨང་དང་པོས”འགན་ཁུར་བའི་ལམ་ལུགས་བཅས་དང་། དེ་བཞིན་ཆ་སྒྲིག་རོགས་སྐྱོར་སོགས་ཀྱི་བཅོས་སྒྲིག་ལམ་སྲོལ་ལག་བསྟར་བྱ་རྒྱུར་སྐུལ་ལྕག་བྱས་པ་དང་། རྫོང(ཆུས)ཨུད་ཀྱི་ཧྲུའུ་ཅི་16དང་རྒྱུན་ཨུའི་ཚན་ཁག་གི་ཁོངས་མི་112ཀྱིས་གནས་སྦྱར་བཅོས་སྒྲིག་ལས་དོན་སྤེལ་ནས་འཆར་ཅན་གྱིས་མཛུབ་ཁྲིད་དང་། མྱུར་ཚད་ལ་ལྟ་སྐུལ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཐོག་གོང་ནས་འོག་ཏུ་གནོན་ཤུགས་སྤྲོད་པ་དང་རིམ་པ་གཅིག་མཚུངས་དབར་མཐུན་སྦྱོར་མཉམ་འགུལ་བྱས་པས་འབྲེལ་རྒྱུན་མི་ཆད་པ་བྱུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།