[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་བཅངས་ནས་མང་ཚོགས་ལ་ལྷག་བསམ་རྣམ་དག་ངང་ཞབས་འདེགས་ཞུས་པ།

    བོད་ལྗོངས་སྙན་རོང་རྫོང་སོག་གཞུང་ཤང་གི་སྨན་པ་ཚུལ་ཁྲིམས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-18

    ཚུལ་ཁྲིམས་ནི་1944ལོར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སོག་གཞུང་ཤང་དིས་དམར་གྲོང་ཚོར་སྐྱེས་པ་དང་། ཆུང་དུས་ནས་ཕ་མ་གཉིས་ཚེ་ལས་འདས་པས་སྲུ་མོ་དང་མཉམ་དུ་འཚོ་བ་བསྐྱལ་ཡོད། ཚུལ་ཁྲིམས་ཀྱི་དྲན་ཤེས་ལ་ཆུང་དུས་སུ་ནོར་ལུག་འཚོ་བ་དང་། གྲོད་པ་ལྟོགས་པར་ལུས་པ། ལུས་ལ་གོས་གྱོན་རྒྱུ་མེད་པ་ནི་རྒྱུན་གཏན་ཞིག་ཡིན་པ་རེད།

    “1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ལོ་བཅུ་གྲངས་ལ་སླེབས་པའི་ངའི་མྱོང་ཚོར་ཆེ་ཤོས་ནི་ལྟོས་གྲོད་པ་རྒྱགས་པ་དང་གོས་ཀྱིས་ལུས་དྲོས་པ་དེ་རེད”སྐབས་དེ་དུས་ཚུལ་ཁྲིམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འཚོ་བ་གསར་པ་སྦྱིན་པ་ཤེས་རྗེས། ཁོང་གིས་བཀའ་དྲིན་གྱི་སེམས་པ་འཆང་བཞིན་བོད་རྒྱ་སྐད་ཡིག་གཉིས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་དཔེ་དེབ་སློབ་སྦྱོང་བྱས་ཏེ་རྒྱལ་ཁབ་ལ་མཁོ་བའི་མི་ཞིག་བྱེད་བསམ་ཡོད།

    “1964ལོར་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ལས་ང་རང་སྨན་པ་ཞིག་བྱེད་ཐུབ་བྱུང”སྐབས་དེ་དུས་རྫོང་སྲིད་གཞུང་གིས་ཤང་དང་གྲོང་རྡལ་ནས་གློག་བརྙན་སྟོན་མཁན་རེ་བསྡུས་ཤིང་། ཚུལ་ཁྲིམས་ནི་སོག་གཞུང་ཤང་གིས་འོས་སྦྱོར་བྱས་པ་ཞིག་རེད། འོན་ཀྱང་ཚུལ་ཁྲིམས་ཀྱིས་བསམ་བློ་ཡུན་རིང་བཏང་སྟེ་ཤང་གི་ད་ལྟའི་གནས་ཚུལ་ལ་གཞིགས་ནས་གོ་སྐབས་བཟང་པོ་དེ་དང་ལེན་མ་བྱས་པར། “ང་ཚོའི་ཤང་ནང་སྨན་པ་གཅིག་ཀྱང་མེད་པས་གྲོང་མི་རྣམས་ནད་ཕོག་སྐབས་དུས་ཐོག་ཏུ་སྨན་བཅོས་བྱེད་ཐབས་བྲལ་བས”རང་ཉིད་སྨན་པ་ཞིག་བྱེད་འདོད་ཡོད་པ་བཤད།

    ཚུལ་ཁྲིམས་ཀྱི་འདོད་བློ་ཤེས་རྗེས། རྫོང་སྲིད་གཞུང་གིས་ཚུལ་ཁྲིམས་རྫོང་སྨན་ཁང་ལ་སློབ་སྦྱོང་བྱེད་པར་བཀོད་སྒྲིག་བྱས་པ་དང་། ནད་གཞི་བརྟག་དཔྱད་དང་། སྨན་སྦྱོར། ཁབ་རྒྱག་སྟངས་སོགས་ཀྱི་ལག་རྩལ་ཤེས་རྗེས། ཚུལ་ཁྲིམས་ཀྱིས་གྲོང་ཚོར་ལོག་ནས་གྲོང་གསེབ་ཀྱི་སྨན་པ་ཞིག་བྱས་ཏེ་ཉིན་ལྟར་སྔ་ཐོན་ཕྱི་ལོག་བྱས་ནས་ནད་ཀྱིས་མནར་བའི་གྲོང་མི་ཚོར་ནད་ལྟ་བར་བྲེལ།

    1976ལོར་སྙན་རོང་རྫོང་གིས་ཚུལ་ཁྲིམས་ལེའོ་ཉིང་ཞིང་ཆེན་དུ་ཟབ་སྦྱོང་བྱེད་པར་ལོ་བཞི་མངགས་པ་དང་། ཟབ་སྦྱོང་མཇུག་འགྲིལ་རྗེས་ཁོང་གིས་ཤང་འཕྲོད་བསྟེན་ཁང་དུ་ལོག་ནས་ལས་ཀ་བྱས། ཁྱིམ་དང་འཕྲོད་བསྟེན་ཁང་བར་ལམ་ཐག་རིང་བས་ཚུལ་ཁྲིམས་འཕྲོད་བསྟེན་ཁང་དུ་སྤོས་ནས་ལོ་ཕྱེད་ལ་ཁྱིམ་ལ་ཐེངས་གཅིག་ལས་ལོག་གི་མེད།

    མ་གཞི་ལས་འཁྱུར་ངལ་གསོ་བརྒྱབ་ནས་ཚེ་མཇུག་སྐྱིད་ལ་རོལ་པའི་ལོ་ཚོད་ལ་སླེབས་མོད། འོན་ཀྱང་ཚུལ་ཁྲིམས་ཀྱིས་སྔར་བཞིན་རང་འཁྲིའི་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད“ད་ལྟ་ངར་ཡོད་པ་ཐམས་ཅད་ནི་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱིས་གནང་བ་ཞིག་ཡིན་པས། ངས་ཀྱང་རང་ལ་ཡོད་པ་ཐམས་ཅད་ཕ་ཡུལ་གྱི་མི་སེར་ལ་སྤྲོད་རྒྱུ་ཡིན”ཞེས་བཤད།

    མི་དེ་བས་མང་བར་ཏང་གཅེས་རྒྱལ་གཅེས་བྱ་རྒྱུའི་སྣེ་ཁྲིད་བྱ་ཆེད། ཚུལ་ཁྲིམས་ཀྱིས་ཤང་གི་སྒྲོག་འགྲེལ་པ་བྱས་པ་དང་། ན་ནིང་གྲོང་ཚོ་ཁག་ལ་འོས་འགན་སྨན་བཅོས་བྱེད་པ་དང་བསྟུན“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་བྱས་ཏེ། མང་ཚོགས་ཚོར་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་སློབ་གསོའང་བཏང་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།