[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-14

    རང་སྐྱོང་ལྗོངས་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་12ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་ཀྱི་མ་ལག་དང་འབྲེལ་བའི་ཡིག་ཆར་ཞིབ་འཇུག་དང་གྲོས་བསྡུར་གནང་བ་རེད།

    ཚོགས་འདུའི་ཐོག་འབྲེལ་ཡོད་གནས་ཚུལ་སྙན་སེང་དང་འབྲེལ་ཡོད་སྡེ་ཚན་ཁག་གི་བསམ་འཆར་ཉན་པ་མ་ཟད་གསེད་བཀྲོལ་དང་དང་ལེན་ནན་ཏན་བྱེད་པའི་རྨང་གཞིའི་ཐོག་སྔར་བས་བཟོ་བཅོས་འཐུས་ཚང་དང་གོ་རིམ་བཞིན་གྲོས་ཞིབ་བྱ་རྒྱུར་སྐྱེལ་དགོས་པའི་བླང་བྱའང་བཏོན་པ་རེད། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་དགོས་ལུགས་ཐོག་མར་བཏོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་མྱུར་པོ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་ཀྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྣོད་བཅུད། རྩ་འཛུགས་བཅས་ཀྱི་དར་རྒྱས་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ས་ཁོངས་མཐུན་སྦྱོར་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་།ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་ཡོད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཅིག་ནས་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དང་། གཙོ་གནད་མངོན་གསལ་དོད་པ་དང་དཀའ་གནད་སེལ་བ། ལྷག་དོན་དུ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་གོམ་སྟབས་མྱུར་དུ་གཏོང་བ། ཆུ་གློག་ལམ་འཕྲིན་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་སྐྲུན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། གཞི་རྩའི་སྤྱི་པའི་ཞབས་འདེགས་དོ་སྙོམས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་མྱུར་པོ་བྱེད་པ། ཞིང་འབྲོག་པའི་རྒྱུན་མཐུད་འབབ་འཕར་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་དུས་རབས་ཀྱི་རྒྱབ་ལྗོངས་དང་འཚམ་པའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་གཏོད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། གཉིས་ནས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལྟེ་བའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་རིང་ལག་བསྟར་དོན་འཁྱོལ་དང་། གོང་འོག་འབྲེལ་མཐུད་ལ་སྣང་ཆེན་བྱེད་དགོས་པ་དང་དུས་མཚུངས། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད(2018ལོ་ནས་2022ལོ་བར)》དང《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཆར་འགོད(2014ལོ་ནས་2020ལོ་བར)》དང་ཟུང་འབྲེལ་གྱིས་ཚན་རིག་དང་མཐུན་པའི་ངང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་འབྲེལ་བའི་རང་ལྗོངས་ཀྱི་སྲིད་ཇུས་དང་བྱ་ཐབས་གཏན་འཁེལ་བྱས་ནས། འབྲེལ་ཡོད་སྲིད་ཇུས་ཀྱི་འཆར་འགོད་དང་འབྲེལ་མཐུད་མཐུན་སྦྱོར་འགན་ལེན་བྱེད་དགོས། གསུམ་ནས་ལས་འགན་གསལ་པོ་བཟོ་བ་དང་འགན་འཁྲི་དོན་འཁྱོལ་གྱིས་ལས་འགན་རེར་སྡེ་ཚན་གྱིས་སྣེ་འཁྲིད་མཁན་ཡོད་པ་དང་། གཙོ་གནད་ལས་དོན་རེར་འགན་འཁུར་མཁན་ཡོད་པ། འགག་རྩའི་ལྷུ་ཚིགས་རེར་ལྟ་སྐུལ་བྱེད་མཁན་ཡོད་པ་བཅས་བྱས་ཏེ། ལས་འགན་ཁག་དོན་འཁྱོལ་ཞིབ་ཕྲ་དང་ཏན་ཏིག་ཡོང་བའི་འགན་ལེན་བྱེད་དགོས། བཞི་ནས་སྤྱི་འདོམས་མཐུན་སྦྱོར་དང་མཉམ་དུ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་ཆགས་པར་བྱས་ཏེ། འགན་འཁྲི་ཧུར་ཐག་འཁུར་བ་དང་། རང་རྟོགས་ངང་ལས་དོན་སྒྲུབ་པ། དོན་དངོས་ལ་གཞི་ཚུགས་པ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་ཀྱི་ལ་བརྟེན་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་ཧུར་ཐག་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།