[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཉི་མ་སྲི་ཆོས།

    ཕྱུགས་རྫི་ཞིག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིར་གྱུར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

    676477_yis_1572847477427.jpg

    འདི་ནི་ཉི་མ་སྲི་ཆོས་ཀྱིས་གྲོང་ཚོས་གཉེར་བའི་ཁེ་ལས་ཀྱི་ཡོང་འབབ་བསྡོམས་རྩིས་རྒྱག་བཞིན་པ། 

    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་རི་སྔོན་གྲོང་ཚོའི་མདུན་དུ་ཤངས་ཆུ་ཞེས་པའི་ཆུ་བོ་ཞིག་ཡོད་པ་དེ་ནི་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་ཡན་ལག་ཆུ་བོ་ཞིག་རེད། ལོ་ཉི་ཤུ་ལྷག་ཙམ་གྱི་གོང་། ལོ་བཅོ་བརྒྱད་ལ་སླེབས་པའི་ཕྲུ་གུ་ཞིག་གིས་ནོར་ལུག་དེད་དེ་ཤངས་ཆུའི་ངོགས་གཉིས་སུ་ལོ་13རིང་ཕྱུགས་རྫི་བྱས། ད་ཆ་ཕྱུགས་རྫི་བ་དེ་ཕྱུག་འགྱུར་སྣེ་ཁྲིད་པ་དང་གྲོང་ཚོའི་ལས་བྱེད་པ་ཞིག་ལ་གྱུར་བ་མ་ཟད། གྲོང་ཚོའི་ལས་བྱེད་པ་ནས་ཚོགས་ཆེན་བཅུ་དགུ་པའི་འཐུས་མིར་གྱུར་པ་རེད། ཁོང་ནི་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་རི་སྔོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་སྲི་ཆོས་རེད།

    ལས་གཏོད་ཕྱུག་འགྱུར་གྱི་འཇོན་ཐང་ཅན།

    ལོ་21ལ་སླེབས་པའི་ལོ་དེར་ཉི་མ་སྲི་ཆོས་ཀྱིས་ཁྱིམ་གྱི་བུ་ལོན་འཇལ་ཆེད། ནོར་ལུག་འཚོ་མཚམས་བཞག་སྟེ་གྲོང་ཚོའི་གྲོཌ་པོ་ཁ་ཤས་དང་མཉམ་དུ་ནག་ཆུ་གྲོང་ཁྱེར་དུ་གླ་པར་བསྐྱོད། ནག་ཆུར་གླ་པ་བྱེད་པའི་ལོ་དེར་ཞིབ་ཚཌ་ལ་གཟབ་ནན་ཆེ་བའི་ཉི་མ་སྲི་ཆོས་ཀྱིས་བོད་བཟོའི་ལྕཌ་ཐབ་འཚོང་ལམ་ཡག་པོ་ཡོད་པ་ཤེས་རྟོཌ་བྱུང་བས་ཁོང་གིས་ཆེད་མངཌ་ལྕགས་ཐབ་བཟོ་རྩལ་སྦྱོང་བར་བསྐྱོད།

    “སྐབས་དེ་དུས་ནག་ཆུ་གྲོང་རྡལ་གྱི་གད་སྙིཌ་ས་ཚིཌ་སུ་ལྕཌ་ལྷེབ་མང་པོ་ཞིག་བེད་མེད་དུ་དབྱུག་ཡོད”ཉི་མ་སྲི་ཆོས་ཀྱིས་གད་མོ་དགོད་བཞིན“ལག་རྩལ་སྦྱོང་ཆེད་གྲོང་རྡལ་དུ་དབྱུག་པའི་ལྕཌ་ལྷེབ་ཚང་མ་ངས་བསྒྲུཌ་པ་ཡིན”ཞེས་བརྗོད། དཀའ་སྤྱད་སྡུག་རུས་ཀྱིས་གླ་པ་བྱས་པའི་ཉམས་མྱོང་ལས་ཁོང་ལ་སླད་ཕྱིན་ཚོང་གཉེར་བྱ་རྒྱུར་རྩ་ཆེའི་ཉམས་མྱོང་གསོག་འཇོག་ཐུབ་ཡོད། ལོ་གཉིས་པར་ཉི་མ་སྲི་ཆོས་ཀྱིས་ཁྱིམ་ནས་སྒོར་800གཡར་ཏེ་རྣམ་གླིང་རྫོང་གྲོང་དུ་རྐང་འཁོར་ཉམས་བཟོ་དང་ཚ་ལ་རྒྱག་ས་ཞིག་བཙུཌ། 2007ལོར་ཉི་མ་སྲི་ཆོས་ཀྱིས་སླར་ཡང་ཨར་ལས་རུ་ཁག་གཅིག་བཙུཌ་ཏེ་གྲོང་མི་ཚོའི་སྣེ་འཁྲིད་ནས་རྫོང་གི་ལས་གྲྭ་འགན་གཙང་བླངས་པ་དང་། ཆུང་ས་ནས་ཁང་པ་རྒྱག་པ་དང་བང་མཛོད་ཉམས་གསོ་བྱེད་པ་དང་ཆེ་ས་ནས་གཞུང་ལམ་འདིང་བ་དང་ཟམ་པ་རྒྱག་པའི་བར་ལས་ཀ་མང་དག་ཅིག་བྱས་པ་རེད།

    ཐོན་ལས་ལ་བརྟེན་ནས་གྲོང་མི་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས།

    2011ལོར། ཉི་མ་སྲི་ཆོས་ཀྱི་བྱ་གཞག་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བའི་སྐབས་སུ་རི་སྔོན་གྲོང་ཚོའི་གྲོང་མི་ཚོས་ཁོང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས།

    ཉི་མ་སྲི་ཆོས་ཀྱིས་ལས་འགན་འཁུར་སྐབས་གྲོང་ཚོར་ད་དུང་དུད་ཚང་དབུལ་པོ་62ཡོད་པ་དང་། ཉི་མ་སྲི་ཆོས་དང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གིས་གྲོས་མོལ་ཐེངས་མང་བྱས་པ་བརྒྱུད། གྲོང་ཚོས་རྫོང་དུ་ཚོང་ཁང་40བརྒྱབ་པ་དང་འབྲེལ་ཁང་གླ་དམའ་པོ་བྱས་ནས་གྲོང་མི་ཚོར་བོགས་མར་གཏོང་རྒྱུའི་གཏན་འབེབས་བྱས། ཚོང་ཁང་བརྒྱབ་རྗེས་ཉི་མ་སྲི་ཆོས་ཀྱིས་གྲོང་ཚོའི་ལག་ཤེས་ཡོད་པའི་གྲོང་མི་སྒྲིག་འཛུཌ་བྱས་ནས་ཚོང་ཁང་བཙུཌ་ཏེ་ཐུག་འཐག་ཁང་དང་། བོད་ཟས་ཁང་། སྣུམ་འཚག་ཁང་སོཌ་རེ་རེ་བཞིན་ཚོང་རྒྱག་འགོ་ཚུགས་ནས་དུད་ཚང་དབུལ་པོ་12ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།

    ཚོང་ཁང་ཐོན་ལས་ལ་ཕན་འབྲས་ཡག་པོ་ཐོན་པ་དེས་ཉི་མ་སྲི་ཆོས་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད། གྲོང་མི་ཚོ་ཡང་ཚོང་ཁང་ཐོན་ལས་ལ་དེ་བས་ཡིད་ཆེས་ཆེ་རུ་ཕྱིན། དེ་རྗེས་ཀྱི་ལོ་འགའ་ཤས་རིང་། ཉི་མ་སྲི་ཆོས་ཀྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྣེ་འཁྲིད་དེ་ཞིང་པའི་སྤྲོ་སྐྱིད་ཁང་བཙུཌ་པ་དང་། སྦྲང་ནོར་བུ་གསོ་ཚགས་ར་བ་གཉེར་བ། ལས་གྲྭ་འགན་གཙང་ལེན་པ། གློག་ཆས་ཉམས་བཟོ་བཅས་བརྒྱུད་གྲོང་མི་ཚོར་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2011ལོའི་སྒོར་2800ནས་ད་ཆའི་སྒོར་ཁྲི་1ལྷག་ཙམ་བར་འཕར་བ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་བརྒྱ་ལྷག་ཙམ་འཕར་ཡོད། 2019ལོར་ཉི་མ་སྲི་ཆོས་ཏང་གི་ཚོཌ་ཆེན་བཅུ་དགུ་པའི་འཐུས་མིར་བདམས་པ་རེད།

    ཕུགས་བསམ་དོན་གཉེར་ནམ་ཡང་ཚར་དུས་མེད།

    རི་སྔོན་གྲོང་ཚོ་ཨུ་ལྷན་གྱི་2017ལོ་ནས་2020ལོ་བར་གྱི་འཕེལ་རྒྱས་འཆར་འགོད་ཀྱི་དཔེ་རིས་མདུན་དུ་ཉི་མ་སྲི་ཆོས་ཀྱིས་གསར་འགོད་པར“འཆར་འགོད་དེ་ནི་2017ལོའི་ཟླ་3པར་གྲོང་མིའི་ཚོཌ་ཆེན་ཐོག་མོས་མཐུན་རཌ་ཙམ་བྱུང་བའི་འཆར་འགོད་ཆ་ཚང་གི་འཆར་ཟིན་ཞིག་རེད”ཅེས་བརྗོད་པ་དང་། ཁོང་གིས“ང་ཚོས་འཆར་འགོད་ཀྱི་ནང་དོན་ཆ་ཚང་ཡོངས་བསྒྲཌ་བྱས་པ་ཡིན། དེ་ལྟར་བྱས་ཚེ་གྲོང་མི་ཚོས་མཐོང་སྐབས་སེམས་ལ་གདེང་ཚོད་ཡོད་པ་མ་ཟད། ང་ཚོ་གྲོང་ཚོའི་ལས་བྱེད་པའི་ངོས་ནས་བརྗོད་ནའང་དེ་ནི་སྐུལ་སློང་ཞིག་རེད”ཅེས་བརྗོད།

    “འདི་ལོ་ང་ཚོས་རྣམ་གླིང་རྫོང་མི་སེར་ངལ་ནུས་ཀུང་སི་རི་སྔོན་ཡན་ལག་ཀུང་སི་བཙུཌ་ནས་གྲོང་ཚོའི་ངལ་ནུས་ཕྱིར་གཏོང་གི་གནད་དོན་ཐག་གཅོད་བྱས་པ་ཡིན། ཉེ་ཆར་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་གྲོང་མི་ཚོར་ངལ་ནུས་བཅའ་ཁྲིམས་ཤེས་བྱའི་འགྲེལ་བཤད་བརྒྱབ་ནས་གྲོང་མི་ཚོའི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་རྩིས་ཡོད”ཅེས་ཉི་མ་སྲི་ཆོས་ཀྱིས་བརྗོད།

    ཉི་མ་སྲི་ཆོས་དང་ཅི་འཕྲོས་མོལ་འཕྲོལ་བྱེད་སྐབས་ཁོང་གི་ཤོད་པའི་སྐད་ཆ་ནི་གྲོང་ཚོའི་འཕེལ་རྒྱས་དང་འཆར་འགོད་དང་ཁ་འབྲལ་ཐབས་མེད་པ་དེར་གསར་འགོད་པ་སེམས་འགུལ་ཆེན་པོ་ཐེབས་བྱུང་། གྲོང་མི་ཚོའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་པ་ཡོང་ཆེད་ཉི་མ་སྲི་ཆོས་ཀྱིས་མང་ཚོཌ་ཀྱི་སྣེ་འཁྲིད་དེ་སྦྲང་ནོར་བུ་གསོ་བའི་ལག་རྩལ་སློབ་སྦྱོང་བྱས་ནས་སྦྲང་ནོར་བུ་གསོ་ཚགས་ཁང་བཙུཌ་པ་དང་། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ཚོས་རང་མོས་ངང་མ་དངུལ་གྲབས་གསོག་བྱ་རྒྱུར་སྐུལ་སློང་བྱས་ཏེ་ཞིང་འབྲོག་པའི་ཏང་ཡོན་མཉམ་ལས་ཁང་བཙུཌ་པས“ཟླ་བ་ཚང་མར་ཡོང་འབབ་ཡོད་པ་དང་ཁྱིམ་ཚང་ཚང་མར་བགོ་བཤའ་ཡོད་པ”མངོན་འགྱུར་བྱུང་བ། རི་སྔོན་གྲོང་ཚོའི་ཞིང་པའི་སྤྱོད་གོ་ཆོད་པའི་རྩལ་ནུས་གསོ་སྦྱོང་སློབ་གྲྭ་བཙུཌ་ནས་ཞིང་འབྲོག་པའི་འདེབས་འཛུཌ་དང་གསོ་ཚཌ་ལག་རྩལ་གསོ་སྦྱོང་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།