[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་འཐུས་མི་ཚོགས་པ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

    ཚེས་5ཉིན་གྱི་སྔ་དྲོར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོ་ཧྲང་ཧའེ་རུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཀྱིས་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ཏེ། བོད་ཀྱི་ཁེ་ལས་ཀྱི་འཐུས་མི་20ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཡོད་རེད། 

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

    སྐབས་འདིའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པས“དུས་རབས་གསར་པར་འབྱུང་འགྱུར་མཉམ་སྤྱོད”བརྗོད་དོན་གཙོ་བོར་བྱས་ཤིང་། རྒྱལ་ཁབ་དང་ས་ཁུལ་150ལྷག་ཙམ་གྱི་ཁེ་ལས་3000ལྷག་ཙམ་སྟོན་ཚོགས་ལ་ཞུགས་པ་དང་། འགྲེམས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་དང་ཁེ་ལས་ཀྱི་གྲངས་འབོར་སྐབས་དང་པོ་ལས་མང་བ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།