[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གསལ་འགྲེལ། ①

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-07

    ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟླ་10ཚེས་28ནས་31ཉིན་བར་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་གནང་ཡོད།

    ཟླ་11ཚེས་1ཉིན། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། སྡེ་ཚན་དྲུག་གི་འགན་འཁུར་བ་གདན་དྲངས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ངོ་སྤྲོད་དང་ཆབས་ཅིག་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

    ཏང་གི་ལོ་རྒྱུས་ཐོག་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་ཤིག་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་གི་གནད་དོན་ལ་ཆེད་མངགས་ཞིབ་འཇུག་ཐེངས་དང་པོ་བྱས་པ།

    “ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་ཤིག་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་གི་གནད་དོན་ལ་ཆེད་མངགས་ཞིབ་འཇུག་སྒོས་གཏན་འབེབས་བྱས་པ་ནི་རང་རེའི་ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད”ཅེས་ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་གཏན་ལས་དོན་འགན་འཁུར་པུའུ་ཀྲང་གཞོན་པ་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཞའོ་ཧུའེ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ངོ་སྤྲོད་གནང་སྐབས་དེ་ལྟར་བཤད།

    ཝང་ཞའོ་ཧུའེ་ཡིས་ངོ་སྤྲོད་གནང་དོན། ཚང་འཛོམས་གྲོས་ཚོགས་ཀྱི་གྲུབ་འབྲས་གལ་ཆེ་ཤོས་ནི《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚང་འཛོམས་གྲོས་ཚོགས་ཐོག རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་ཐད“གང་ཞིག་མཐའ་འཁྱོངས་དང་སྲ་བརྟན་དུ་གཏོང་དགོས་པ་དང་། གང་ཞིག་འཐུས་ཚང་དང་འཕེལ་རྒྱས་གཏོང་དགོས་པའི”ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ལ་ཕྱོགས་ཡོངས་ནས་ལན་བཏབ་ཡོད། གཏན་འབེབས་ལ་རིགས་པའི་གཞུང་ལུགས་ཐད་ཀྱི་སྙིང་བསྡུས་གསར་པ་ཡོད་ལ། ལག་ལེན་ཐད་ཀྱི་བླང་བྱ་གསར་པའང་ཡོད། འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད་ཅེས་བཤད།

    ཝང་ཞའོ་ཧུའེ་ཡིས“ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་གསར་གཏོད་རང་བཞིན་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རིང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་དང་གཏན་འཁེལ་བྱུང་ནས། རང་རྒྱལ་ལམ་ལུགས་ཀྱི་ལེགས་ཆ་རྒྱལ་ཁབ་བཅོས་སྐྱོང་གི་ལེགས་ཆར་དེ་བས་ལེགས་པའི་ངང་བསྒྱུར་བར་གལ་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ངེས་རེད”ཅེས་བཤད།

    ཕྱོགས་13ཐད་ཀྱི་མངོན་གསལ་དོད་པའི་ལེགས་ཆར་བརྟེན་ནས“ཀྲུང་གོའི་བཅོས་སྐྱོང”ལམ་ལུགས་ཀྱི“གསང་བའི་ཨང་རྟགས”གསལ་བཤད་བྱས་པ།

    ཝང་ཞའོ་ཧུའེ་ཡིས་གསར་འགོད་པས་བཏོན་པའི་དྲི་བར་ལན་བཏབ་པ་དང་ཆབས་ཅིག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི། རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་ལ་གཏན་འཁེལ་བྱས་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གཏན་འབེབས་ནི་སྤྱིའི་དམིགས་ཚད་འདི་གཏིང་ཟབ་དང་རྒྱ་བསྐྱེད་བཏང་བ་ཞིག་ཡིན་ལ། བཀོད་སྒྲིག་གསར་པ་མང་པོ་བྱས་པ་ཞིག་ཡིན་པ་དེར་མངོན་གསལ་དོད་ཤོས་ཀྱི་གནད་གསུམ་ཡོད་པ་སྟེ།

    གཅིག་ནི་ཏང་གི་འགོ་ཁྲིད་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་བཀོད་འདོམས་རང་བཞིན་གྱི་གནས་བབ་མངོན་གསལ་དོད་དུ་གཏོང་བ་དང་། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གདེང་ཚོད་གང་ལེགས་མངོན་པར་བྱས་ནས། རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་གི་ཕྱོགས་13ཐད་ཀྱི་མངོན་གསལ་དོད་པའི་ལེགས་ཆ་སྙིང་བསྡུས་བྱས་པ་ཞིག་རེད། འདི་ནི་རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གི“བྱས་རྗེས་ངོ་མཚར་ཅན་ཆེན་པོ་གཉིས”བཏོད་པའི་རྩ་བའི་འགན་ལེན་གནས་ས་དང་། “ཀྲུང་གོའི་བཅོས་སྐྱོང”ལམ་ལུགས་ཀྱི“གསང་བའི་ཨང་རྟགས”གནས་ས་ཡིན་ལ། “གདེང་ཚོད་བཞི”བརྟན་དུ་གཏོང་བའི་རྩ་བའི་གཞི་འཛིན་ས་ཡིན་པ། གསུམ་ནི་གནད་དོན་གྱི་ཕྱོགས་སྟོན་དྲག་པོ་དང་མངོན་གསལ་དོད་པའི་ལག་ལེན་གྱི་ཁྱད་ཆོས་མངོན་ཡོད་ཅིང་། ངེས་པར་དུ་མཐའ་འཁྱོངས་བརྟན་པོ་བྱེད་དགོས་པའི་ལམ་ལུགས་དང་རྩ་དོན་གལ་ཆེན་གསལ་དུ་བཏང་ཡོད་ལ། ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་འགན་དང་བྱ་ཐབས་གལ་ཆེན་བཀོད་སྒྲིག་ཀྱང་བྱས་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།