[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་སུ་བུད་མེད་ཤེས་ཡོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས་བཙུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-04

    རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་བུད་མེད་ཀྱི་བསྡུར་ཚད་12.74%དང་17.78%སོ་སོར་བཟུང་བ་དང་བུད་མེད་ཀྱི་རིག་གཞུང་སྣེ་ཁྲིད་མི་སྣས་27.45%བཟུང་ཡོད་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ལྷ་སར་བོད་རང་སྐྱོང་ལྗོངས་བུད་མེད་ཤེས་ཡོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་རེད། དེ་ནི་བོད་ལྗོངས་ཀྱི་ལས་རིགས་ཁག་དང་མི་རིགས་ཁག་གི་བུད་མེད་ཤེས་ཡོན་ཅན་གྱིས་རང་མོས་ཐོག་བཙུགས་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་ཐོག་མ་དེ་ཡིན་ལ། ས་མཐོའི་བུད་མེད་ཀྱི་སྟོབས་ཤུགས་སྔར་བས་གཅིག་སྒྲིལ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འཕེལ་རྒྱས་ལ་སྔར་བས་ཞབས་འདེཌ་ཡག་པོ་ཞུ་རྒྱུ་རེད།

    བོད་རང་སྐྱོང་ལྗོངས་བུད་མེད་ཤེས་ཡོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དང་པོའི་ལག་བསྟར་ཨུ་ལྷན་གྱི་ཀྲུའུ་ཞི་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤེ་ཡ་ལྷོ་མའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་སྤེན་པ་ལྷ་མོས། “ང་ཚོ་ནི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག་གསོ་སྐྱོང་དང་འཚར་ལོངས་བྱུང་བའི་མི་རབས་ཤིག་ཡིན་ལ། ལྷག་པར་དུ་རྒྱལ་ཁབ་ཀྱི་ཕོ་མོ་འདྲ་མཉམ་སོགས་གཞི་རྩའི་རྒྱལ་ཇུས་བོད་དུ་ལག་བསྟར་ནུས་ལྡན་བྱས་པ་ལས་ཕན་པ་ཐོབ་མཁན་གཙོ་བོ་དེ་ཡིན། དུས་རབས་ཀྱི་ལམ་འགྲོ་རྒྱུག་མཁན་ཞིག་ཡིན་པའི་ངོས་ནས་ང་ཚོར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་འགན་འཁྲི་དང་འོས་འགན་ཡོད”ཅེས་བརྗོད་པ་རེད།

    དེ་ཉིན། ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་བུད་མེད་ཤེས་ཡོན་ཅན་གྱི་སྐབས་དང་པོའི་ལག་བསྟར་ཨུ་ལྷན་བདམས་ཐོན་བྱུང་སྟེ། མཉམ་འབྲེལ་ཚོགས་འདུའི་སྒྲིག་ཡིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    གྲངས་གཞི་ལས་མངོན་གསལ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60ཡི་རིང་། བོད་ཀྱི་བུད་མེད་དང་བྱིས་པར་སློབ་གསོ་ཐོབ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་མཐོ་རིམ་དཀྱུས་མའི་སློབ་གསོ་དང་། ཞིབ་འཇུག་སློབ་མའི་སློབ་གསོ། དར་མའི་མཐོ་རིམ་སློབ་གསོ་སོགས་སློབ་གསོའི་སློབ་གྲྭར་འགྲོ་མུས་ཀྱི་བསྡུར་ཚད་ཁྲོད་བུད་མེད་ཀྱིས་50%ཡན་བཟུང་ཡོད་པ་རེད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་བཞིན་པའི་བུད་མེད་ཀྱིས་བསྡུར་ཚད་12.74%དང་17.78%སོ་སོར་བཟུང་བ་དང་བུད་མེད་ཀྱི་རིག་གཞུང་སྣེ་ཁྲིད་མི་སྣས་27.45%བཟུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།