[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “བོད་ལྗོངས་སྲིད་དོན”APPཤར་གཏོང་ཐུབ་པ།

    སྲིད་དོན་ཞབས་འདེགས“ལག་པས་ཞུ་བ”དང“མཛུབ་རྩེས་ཞུ་བ”མངོན་འགྱུར་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-04

    སྐུ་ཉིད་ཀྱིས“བོད་ལྗོངས་སྲིད་དོན་APPབརྒྱུད། སྤྱི་ཚོགས་འགན་བཅོལ་དང་། སྤྱི་གསོག་མ་དངུལ། ལས་རིགས་ཡིག་རྒྱུག འགྲིམ་འགྲུལ་སྒྲིག་འགལ་སོགས་འབྲེལ་ཡོད་ལས་སྒོ་བློ་འདྲི་བྱ་ཆོག་པ་མ་ཟད། ད་དུང་གྲོན་བསྡུའི་ཞབས་འདེགས་ཀྱང་ཞུ་ཐུབ། སྐུ་ཉིད་ནས་དཔེ་བཏུས་ཉེར་སྤྱོད་ཁྲོམ་ར་ནས‘བོད་ལྗོངས་སྲིད་དོན’ཞེས་པ་ཕབ་ལེན་བྱ་ཆོག”ཅེས་པའི་སྤྱི་ཕན་འཕྲིན་ཐུང་ཞིག་ཚེས་25ཉིན་ལག་ཐོགས་ཁ་པར་སྤྱོད་མཁན་མང་པོ་ཞིག་ལ་འབྱོར་ཡོད། ཉེ་ཆར“བོད་ལྗོངས་སྲིད་དོན”APPདཔེ་བཏུས་དང་ཧྭ་ཝེ་སོགས་ཀྱི་ཉེར་སྤྱོད་ཁྲོམ་རར་བཏོན་ཡོད་པས། དེ་ནི་རང་ལྗོངས་སུ་དྲ་སྦྲེལ་དང་སྲིད་དོན་ཞབས་འདེགས་ཟུང་འབྲེལ་ཐད་སླར་ཡང་རིམ་པ་གལ་ཆེན་འཕར་བ་ཞིག་ཡིན་པ་དང་། དེས་རང་ལྗོངས་ཀྱི་སྲིད་དོན་ཞབས་འདེགས་མང་དག་ཅིག“ལག་པས་ཞུ་བ”དང“མཛུབ་རྩེས་ཞུ་བ”མངོན་འགྱུར་ཐུབ་པ་མཚོན་ཡོད།

    གསར་འགོད་པར“བོད་ལྗོངས་སྲིད་དོན”APPཡི་དྲ་ངོས་ཐོག་མ་ནས་ཤེས་རྟོགས་བྱུང་བར། APPཡིས་མིག་སྔར་རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ་ཁག རྫོང་དང་ཆུས་ཁག་བཅས་ཀྱི་སྲིད་གཞུང་སྡེ་ཚན་ཚང་མས་མི་སྒེར་དང་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ལས་གཉེར་ཕྱོགས་སྟོན་བློ་འདྲི་མཁོ་འདོན་བྱེད་ཀྱི་ཡོད་པ་སྟེ། གང་དུ་ལས་སྒོ་གཉེར་དགོས་པ་དང་། བློ་འདྲིའི་ཁ་པར་ག་ཚོད་ཡིན་པ། ཆ་རྐྱེན་གང་ཞིག་འཛོམས་ན་རེ་ཞུ་ཆོག་པ། དཔྱད་གཞི་གང་དག་གྲ་སྒྲིག་བྱེད་དགོས་པ། དུས་ཚོད་གང་ཙམ་ནས་ལས་དོན་གཉེར་ཆོག་པ་སོགས་ཚང་མ་གསལ་བཤད་བྱེད་པ་གསལ་པོ་མཐོང་བྱུང་བས། རྗེས་སུ་མི་ལ་མངགས་ནས་སྐད་ཆ་འདྲི་བའམ་ཡང་ན་ཚོམས་ཆེན་དུ་སྐད་ཆ་འདྲི་བར་འགྲོ་དགོས་དོན་མེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།