[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཀྲུང་གོའི་གསར་འགྱུར་བྱ་དགའི་དཔྱད་འདེམས་སྐབས་ཉེར་དགུ་པའི་འབྲས་བུ་ཁྱབ་བསྒྲགས་བྱས་པ།

    བོད་ཀྱི་སྨྱན་སྦྱོར་ལ་བྱ་དགའ་4རག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-04

     ཟླ་11ཚེས་1ཉིན་ཀྲུང་གོའི་གསར་འགྱུར་བྱ་དགའི་དཔྱད་འདེམས་སྐབས་ཉེར་དགུ་པའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་གྱི་བརྩམས་ཆོས་346ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་པའི་ནང་། དམིགས་བསལ་བྱ་དགའ་5དང་། བྱ་དགའ་ཨང་དང་པོ60(གསར་འགྱུར་10ཡི་ཆེད་དོན་ལེ་ཚན་གྲགས་ཅན་ཚུད) བྱ་དགའ་ཨང་གཉིས་པ་108 བྱ་དགའ་ཨང་གསུམ་པ་173བཅས་ཡོད་ཅིང་། རང་ལྗོངས་ཀྱི་སྨྱན་སྦྱོར་ལ་བྱ་དགའ་4རག་ཡོད་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་རླུང་འཕྲིན་ཆེད་དོན《བྱང་ཐང་འབྲོག་པའི་ལྷོ་སྤོས་ཟིན་ཐོ》ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་སྐབས་ཉེར་དགུ་པའི་ཨང་དང་པོ་ཐོབ་ཅིང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཡི་གེའི་དཔྱད་གཏམ《མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་ལྟ་བ་བརྟན་པོ་འཛུགས་དགོས།—མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གླེང་བ》དང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་སྐད་འཕྲིན་སྤྱི་རྟགས་ཀྱི་སྨྱན་སྦྱོར་གསར་པའི་གནས་ཚུལ་སྤེལ་གཏོང་གི་པར་ངོས《H5 | ངས་སྐྱིད་པའི་ཉམས་འགྱུར་མཐོང་བྱུང་། བོད་ཀྱི་ཁྱིམ་ཚང་གི་སྒེར་ཉར་འདྲ་པར་བཀྲམ་པ》 བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་བརྙན་འཕྲིན་ཆེད་དོན《སྤྱི་ཁྱབ་ཧྲུའུ་ཅི་ལགས། སྐུ་ཁམས་བཟང་། ང་ནི་ཡུལ་སྨད་ཀྱི་སྒྲོལ་དཀར་ཡིན》བཅས་ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་སྐབས་ཉེར་དགུ་པའི་ཨང་གསུམ་པ་ཐོབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།