[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མཐའ་མཚམས་སུ་དཔེ་དེབ་ཀྱི་དྲི་ཞིམ་འཐུལ།

    —— ཡུལ་སྨད་ཤང“རྒྱལ་ཁབ་ཀྱི་སྒོ་མོའི་དཔེ་དེབ་ཁང”གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-03

    ● ད་ཐེངས་ཀྱི་བྱེད་སྒོའི་ནང་ཡུལ་སྨད་ཤང་ལ་དེབ་སྣ་ཁ་1657ཞལ་འདེབས་བརྒྱབ་པ་དང་དཔེ་དེབ་3314དང་། དཔེ་སྒྲོམ། དེབ་ལྟ་སའི་སྒྲོག་ཙེ་རྐུབ་སྟེཌ། དེབ་གཡར་སའི་ཐོ་དེབ་སོཌ་ལེ་ལག་ཚང་བའི་སྒྲིག་ཆས་ལ་ཁྱོན་སྒོར་ཁྲི་15བཏང་བ་རེད།

    ཚེས་24ཉིན་གྱི་སྔ་དྲོ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གངས་ལྷབ་ལྷུབ་ཏུ་བབས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་བོད་ལྗོངས་ཚགས་པར་དང་དུས་དེབ་དཔེ་སྐྲུན་ལྟེ་གནས་ཀྱིས་གཉེར་འགན་འཁུར་བའི་2019ལོའི“དཔེ་དེབ་ཀྱི་དྲི་ཞིམ་བོད་དུ་འཐུལ”ཞེས་པའིདམངས་ཡོངས་ཀྱི་དཔེ་དེབ་ལྟ་ཀློག་གི་ནང་དོན་ཏེ“རྒྱལ་ཁབ་ཀྱི་སྒོ་མོའི་དཔེ་དེབ་ཁང”འཛུགས་སྐྱོང་བྱེད་སྒོ་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་སྤེལ་བ་རེད།

    གྲོང་མི་རྣམས་མ་གྲོས་གཅིག་མཐུན་ངང་དེར་འཛོམས་ནས། ལ་ལས་ལས་དོན་མི་སྣར་དཔེ་དེབ་སྒྲིག་རོགས་བྱེད་པ་དང་། ལ་ལས་དཔེ་སྒྲོམ་ཐོག་བསྒྲིགས་པའི་དཔེ་དེབ་ལྟ་བ་བཅས་བྱས་ཏེ་སྒོ་ཕྱེ་ཉེར་ཡོད་པའི་དཔེ་དེབ་ཁང་དེར་རེ་སྒུག་བྱེད་བཞིན་འདུག ད་ཐེངས་ཀྱི་བྱེད་སྒོའི་ནང་ཡུལ་སྨད་ཤང་ལ་དེབ་སྣ་ཁ་1657ཞལ་འདེབས་བརྒྱབ་པ་དང་དཔེ་དེབ་3314དང་། དཔེ་སྒྲོམ། དེབ་ལྟ་སའི་སྒྲོག་ཙེ་རྐུབ་སྟེགས། དེབ་གཡར་སའི་ཐོ་དེབ་སོགས་ལེ་ལག་ཚང་བའི་སྒྲིག་ཆས་ལ་ཁྱོན་སྒོར་ཁྲི་15བཏང་བ་རེད།

    བྱེད་སྒོས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བྱེད་པའི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གྱི་མཐོ་ཚད་དང་བསྟུན་པ་དང་འབྲེལ་གཞི་རིམ་མང་ཚོགས་ཀྱི་ཚན་རིག་རིག་གནས་བྱང་ཚད་མཐོ་རུ་གཏོང་རྒྱུར་དམིགས་ཏེ། མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུར་ཤུཌ་སྣོན་བརྒྱབ་པ་དང་ཆབས་ཅིག་མང་ཚོཌ་ལ་མཁོ་བའི་ཞིང་འབྲོག་ལས་ཐད་ཀྱི་བེད་སྤྱོད་ལག་རྩལ་ཤེས་བྱའི་དགོས་མཁོར་དམིཌ་ནས་དཔེ་དེབ་ཀྱི་སྣ་ཁ་དང་ནང་དོན་ཞིབ་ཚཌ་བདམས་ཡོད།

    《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དང་། 《བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ》《ཡུལ་སྨད་ལ་བརྩེ་སེམས་བཅངས》《ཞིང་འབྲོག་པའི་སྤྱོད་གོ་ཆོད་པའི་ལག་རྩལ་གྱི་ཚན་རྩལ་ཁྱབ་གདལ་ཀློག་དེབ》སོགས་བོད་ཡིག་དང་རྒྱ་ཡིག་དཔེ་དེབ་ཡོད་པ་དང་། དེ་དག་ནང་ཏང་འཛུགས་སྐྱོང་དང་། རིགས་པའི་གཞུང་ལུགས། བཅའ་ཁྲིམས་དང་ཁྲིམས་སྲོལ། རིག་གནས་སློབ་གསོ། རྩོམ་རིག་སྒྱུ་རྩལ། ཚན་རིག་ལག་རྩལ། འདེབས་འཛུགས་གསོ་ཚགས་སོགས་ཀྱི་ནང་དོན་ཚུད་ཡོད།

    བྱེད་སྒོ་ཚར་རྗེས། “རྒྱལ་སྒོའི་དེབ་ཁང”གི་སྒོ་བྱང་ཡུལ་སྨད་ཤང་སྲིད་གཞུང་གཞུང་དོན་ཐོག་བརྩེགས་ཁང་དུ་དངོས་སུ་བཀལ་བ་དེ་ལས། ཡུལ་སྨད་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་གི་རིག་གནས་འཛུགས་སྐྱོང་སྐས་རིམ་གསར་པར་སླེབས་པ་དང་མཐའ་མཚམས་ཀྱི“དེབ་ཁང”དེ་ཡུལ་སྨད་མང་ཚོགས་ཀྱི་དཔེ་དེབ་ལྟ་སར་གྱུར་པ་མཚོན་ཡོད།

    བྱེད་སྒོ་ཚར་རྗེས། ཡུལ་སྨད་ཤང་གི་ལས་བྱེད་པ་དང་མང་ཚོགས་ཚོ“རྒྱལ་སྒོའི་དེབ་ཁང”དུ་བསྐྱོད་དེ་རང་ཉིད་ཀྱིས་ལྟ་འདོད་པའི་དེབ་ལྟ་བཞིན་ཕན་ཚུན་གྲོས་བསྡུར་བྱས། “ད་ཆ་ཡུལ་སྨད་ཤང་གི་ཁོར་ཡུག་དང་འཚོ་བ་ལེགས་སུ་ཕྱིན་མོད། འོན་ཀྱང་རི་བོ་མཐོ་བ་དང་ལམ་ཐག་རིང་བས་དེབ་ཉོ་བ་དང་ལྟ་རྒྱུར་སྟབས་བདེ་མེད། ད་ཆ་དེབ་ཁང་བཙུགས་པས། དེབ་ལྟ་ཆོག་ཆོག་ཡོད་པས་ང་ཚོའི་དགོས་མཁོ་རྦད་དེ་བསྐངས་སོང”ཞེས་ལྷ་སྐྱིད་པད་མས་ལག་ཏུ་དེབ་འཁྱེར་བཞིན་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།