[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱིས་མངགས་ཐོ་རྣམ་པའི་ལས་གནས་གསོ་སྦྱོང་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱས་པ།

    མིག་སྔའི་བར་མི་9933གསོ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    འདི་ལོ་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་མི་སྤྱི་སྡེ་ཚན་གྱིས“མི་གཅིག་གསོ་སྦྱོང་དང་། མི་གཅིག་གཞན་སྒྱུར། དུད་ཚང་གཅིག་དབུལ་སྒྲོལ”བཅས་ཀྱི་ལས་ཞུགས་གཞན་སྒྱུར་དང་དབུལ་སྒྲོལ་ལས་དོན་གྱི་དམིགས་ཚད་གཞིར་བཟུང་། ཞིང་འབྲོག་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣར་ཕྱོགས་ཏེ་ས་བླུག་འཕྲུལ་འཁོར་དང་། སྔོག་འདོན་འཕྲུལ་འཁོར། ཐང་ག ཨར་སྐྲུན་སོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་ཏེ་མི་འབོར་དབུལ་པོའི་ལས་ཞུགས་གཞན་སྒྱུར་གྱི་རྩལ་ནུས་མཐོ་རུ་བཏང་ཞིང་། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱིས་ཞིང་འབྲོག་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་9933ལ་ལས་གནས་རྩལ་ནུས་ཀྱི་གསོ་སྦྱོང་བྱས་ཤིང་། མི་4635ལ་མངགས་ཐོ་རྣམ་པའི་ལས་གནས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པས་མི་འབོར་ཧྲིལ་པོའི་46.6%ཟིན་ནས་རྩལ་ནུས་གསོ་སྦྱོང་ལས་དོན་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    རྒྱ་ཆེའི་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་གི་རེ་བ་དང་ཁྲོམ་རའི་དགོས་མཁོ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཆེད་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་རྫོང་དང་ཆུས་18ལ་བསྐྱོད་དེ“གཤམ་སྐྱེལ་གསུམ”(རྩལ་ནུས་གཤམ་སྐྱེལ་དང་། སྲིད་ཇུས་གཤམ་སྐྱེལ། ཞབས་ཞུ་གཤམ་སྐྱེལ)གྱི་བྱེད་སྒོ་སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དང་རྩལ་ནུས་ཁོང་དུ་ཆུད་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད། ཁོང་ཚོའི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་སྔར་བས་ཤེས་རྟོགས་བྱས་ནས་རྩལ་ནུས་གསོ་སྦྱོང་བྱེད་པའི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཁོང་དུ་ཆུད་པར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།