[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་ཐད་གཏོགས་ཚན་པས་གཅིག་སྡུད་ཐོག་གློག་བརྙན《ཁུང་ཧྥན་སེན》བལྟས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཐད་གཏོགས་ཚན་པའི་འཐུས་མི་སྒྲིག་འཛུགས་བྱས་ནས། ཁམས་པའི་རིག་གནས་འཁྲབ་སྟོན་སྒྱུ་རྩལ་ལྟེ་གནས་སུ་མཉམ་དུ་གློག་བརྙན《ཁུང་ཧྥན་སེན》བལྟས་ནས་གུང་ཁྲན་ཏང་གི་དཔེ་བཟང་བ་བློ་མཐུན་ཁུང་ཧྥན་སེན་གྱིས་ས་བབ་མཐོ་བའི་ས་ཁུལ་དུ་སྒེར་སེམས་མེད་པའི་ངང་ལེགས་སྐྱེས་ཕུལ་བའི་མི་སེམས་འགུལ་བའི་བྱས་རྗེས་བསྐྱར་དྲན་བྱས་པ་རེད།

    གློག་བརྙན་བལྟས་རྗེས་ལྟད་མོ་བས་གཅིག་རྗེས་གཉིས་མཐུད་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང“ཁུང་ཧྥན་སེན་གྱི་སྙིང་སྟོབས”སློབ་སྦྱོང་བྱས་ཏེ། བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་དར་སྤེལ་བཏང་ནས་ཁུང་ཧྥན་སེན་ལྟ་བུའི་ཏང་ཡོན་དང་ལས་བྱེད་པ་ཡག་པོ་ཆགས་པར་བྱས་ཁར་རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གནད་དོན་ངོ་མ་ཐག་གཅོད་ཧུར་ཐག་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་དགོངས་དོན་ལག་བསྟར་ཡག་པོ་དང་ཆབ་མདོར་འཕེལ་རྒྱས་མྱུར་པོ་ཡོང་ཆེད། རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།