[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ།

    ​ ཏིང་ཡེ་ཤན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-21

     ཚེས་18ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏིང་ཡེ་ཤན་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་རུ་ཕེབས་ནས། ས་ཁུལ་དང་གྲོང་ཁྱེར་ཁག་དང་རྫོང་དང་ཆུས་ཁག་གཅིག་གི་བདེ་འཇགས་བརྟན་ལྷིང་ལས་དོན་གནས་ཚུལ་འཐེན་བཤེར་དང་བཀོད་གཏོང་གནང་བ་དང་སྦྲགས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཏིང་ཡེ་ཤན་གྱིས་ས་ཁུལ་དང་གྲོང་ཁྱེར་ཁག་དང་རིམ་ཁག་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྡོད་བྱའི་གནད་ཆེའི་རྒྱུ་རྐྱེན་འཐུས་ཚང་དང་བྱེད་ཐབས་དོན་འཁྱོལ་ནུས་ལྡན་དང་དེ་བཞིན་ལྗོངས་ཡོངས་ཀྱི་དུས་བབ་མུ་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་ལས་དོན་ལ་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་མིག་སྔར་འཛམ་གླིང་ལ་ལོ་བརྒྱ་རིང་འབྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོ་ཡོང་བཞིན་ཡོད་ལ། དུས་བབ་འགྱུར་ལྡོག་ཁྲོད་ཉེན་ཁ་དང་གོ་སྐབས་ཀྱང་དུས་གཅིག་ཏུ་གནས་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཌ་རིང་ལུཌ་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་རྙོག་འཛིང་དང་འགྱུར་ལྡོག་མང་བའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ཁོང་དུ་ཆུད་པར་བྱས་ཏེ་དུས་རྟག་ཏུ་ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་བཞག་ནས་བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་གསུངས་པ་རེད།

    ཏིང་ཡེ་ཤན་གྱིས་གཅིག་ནས་གྲུབ་འབྲས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་ཏེ། ཡུན་རིང་དང་ལྷག་པར་དུ་འདི་ལོ་ཚུན་གྱི་རང་ལྗོངས་ཀྱི་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལག་ལེན་བྱེད་རིང་བཏོད་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ལམ་ལུགས་ཚད་ལྡན་དུ་གྱུར་པར་བྱས་ཏེ། བདེ་འཇགས་བརྟན་ལྷིང་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་དགོས། གཉིས་ནས་དུས་བབ་ལས་འགན་ཁ་གསལ་བཟོས་ཏེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་བོད་ཀྱི་དམིགས་བསལ་གནས་བབ་གལ་ཆེན་ལ་གཞི་ཚུགས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་གི་རང་བཞིན་དང་། རྙོག་འཛིང་གི་རང་བཞིན། རྣོ་ངར་གྱི་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། འཐབ་ཕོད་པའི་ཆོད་སེམས་བརྟན་པོ་དང་འཐབ་ན་རྒྱལ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་པ། མཐའ་དག་བརྟན་ལྷིང་ལ་བསྟུན་པ་དང་ཞབས་འདེགས་ཞུ་བ། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་མངའ་ཁོངས་ས་ཆ་ཆ་ཚང་འགན་ལེན་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཆེད་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་འཁུར་དགོས། གསུམ་ནས་འཐབ་རྩོད་ཀྱི་ཆོས་ཉིད་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས་བརྟན་ལྷིང་སྔོན་ལ་འཇོག་པ་དང་། བརྟན་ཐོག་ཡར་བརྩོན། ཡར་བརྩོན་བརྟན་གཏོང་བཅས་མཐའ་འཁྱོངས་བྱས་ཏེ། རྡུང་རྡེག་གིས་སྔོན་འགོག་ལ་སྐུལ་འདེད་དང་། རྡུང་འགོག་ཟུང་འབྲེལ། རྩ་ལག་མཉམ་བཅོས་བཅས་བྱེད་པ་དང་། “ཆེད་དོན་འཐབ་རྩོད་གསུམ”དང་། “ཆེད་དོན་བྱ་སྤྱོད་ཆེན་པོ་ལྔ”གཏིང་ཟབ་ཏུ་གཏོང་བ། “རྡུང་” “འགོག”

    ཐབས་མང་མཉམ་སྤྱོད་ཡག་པོ་བྱེད་པ། རིགས་ཁག་གི་གནད་དོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་འདུམ་འགྲིག་དང་འགོག་ཟོན་ཐག་གཅོད་ཡག་པོ་བྱེད་པ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ། རྦད་དེ་བདེ་འཇགས་དང་འཕྱུགས་པ་གཏན་ནས་མི་ཡོང་བ་བྱེད་དགོས། བཞི་ནས་རྒྱུན་དུ་ནས་གྲ་སྒྲིག་ལྷོད་མེད་མཐའ་འཁྱོངས་བྱས་ཏེ། ཉེན་ཁའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མཐའ་ཚད་ཀྱི་བསམ་བློ་ཟབ་ཏུ་གཏོང་བ་དང་། བདེ་སྡོད་ཉེན་བསམ་དང་ཉེན་བསམ་བདེ་འཇགས། དུས་རྟག་ཏུ་བརྟན་ལྷིང་སྲུང་སྐྱོང་ལས་དོན་སེམས་ལ་ངེས་པ་དང་། ཕྲག་ཏུ་འཁུར་བ། ལག་ཏུ་དམ་འཛིན་བཅས་བྱས་ཏེ། ཁ་ཕྲལ་བ་དང་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་གོ་སྐབས་ཏིལ་འབྲུ་ཙམ་ཡང་མི་སྤྲོད་པ། ལྔ་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་ཏང་གིས་སྤྱི་བདེའི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་པར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་ཀྱིས་རང་འགུལ་དབང་ཆ་ཏང་དང་མི་དམངས་ཀྱི་ལག་ཏུ་དམ་པོར་འཛིན་པ་འགན་ལེན་བྱེད་དགོས་པ་དང་། སྒྲིག་ཁྲིམས་འཆུན་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འགལ་རྩ་འཛུགས་དང་དེའི་རྒྱབ་ཀྱི“མགོ་གཉིས་མར”རྡུང་རྡེག་ཚ་ནན་གཏོང་བ་དང་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་དུ་གཏོང་དགོས། དྲུག་ནས་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ་བརྟན་ལྷིང་སྲུང་སྐྱོང་གི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དངོས་འཐབ་འཇོན་ཐང་ཆེ་རུ་གཏོང་བ། སྤྱི་ཚོགས་སྔོན་འགོག་ཚོད་འཛིན་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཟིང་ཆ་མི་ཐོན་པ་དང་ཀྲུང་དབྱང་ལ་རྙོག་དྲ་མི་བཟོ་བའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།