[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གིས“བོད་ཀྱི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སློབ་ཚན”འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-10

     ཉེ་ཆར། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གིས“བོད་ཀྱི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སློབ་ཚན”འཚོགས་པར་ལྗོངས་ཐད་གཏོགས་ཀྱི་ཚན་པ་དང་ལས་ཁུངས་ཁག་གི་ཏང་ཨུད་ཧྲུའུ་ཅི་ཆེད་བསྐོས(གཅིག་ལྕོགས)ཧྲུའུ་ཅི་གཞོན་པ་དང་ཏང་ཡོན་ལས་བྱེད་པ་ཁག་གཅིག་བཅས་ཁྱོན་མི་400ཙམ་ཞུགས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོར་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཞིབ་འཇུག་པུའུ་དྲུག་པའི་ཀྲུའུ་རེན་གཞོན་པ་རྒྱལ་ཡོངས་ཏང་འཛུགས་སྐྱོང་ཞིབ་འཇུག་ལྷན་ཚོགས་ཀྱི་དམིགས་བསལ་གདན་ཞུས་ཞིབ་འཇུག་པ་ཀྲང་ཧྲི་དབྱི་ཡིས“ཀྲུང་གོ་གསར་པའི་འབད་འབུངས་སྟོབས་བརྩོན་གྱི་ལོ་ངོ་བདུན་ཅུ”ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་དོན་ཟུར་ཁྲིད་བྱས་ཏེ། གནས་ལུགས་དང་གཏམ་རྒྱུད་ཤོད་པ་བརྒྱུད་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70རིང་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་ཚད་ཆ་ལག་ཚང་བའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་དང་། གོ་བདེ་ཤེས་སླ་བའི་སྒོ་ནས་ལོ་རྒྱུས་ཀྱི་དོན་སྙིང་ཞིབ་ཚགས་ལ་སྙིང་བསྡུས་ཀྱང་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།