[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 2019ལོའི་ལྗོངས་ཡོངས་ཀྱི་དགེ་རྒན་དུས་ཆེན་གྱི་གཟེངས་བསྟོད་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-12

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་དུས་རབས་གསར་པའི་དགེ་བཀུར་གྱི་སྲོལ་བཟང་དར་སྤེལ་གཏོང་ཆེད། ཟླ་9ཚེས་10ཉིན་གྱི་སྔ་དྲོ། 2019ལོའི་ལྗོངས་ཡོངས་ཀྱི་དགེ་རྒན་དུས་ཆེན་གྱི་གཟེངས་བསྟོད་ཚོགས་འདུ་ལྷ་སར་འཚོགས་ཏེ། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་ཤིང་། དགེ་རྒན་རྒན་གྲས་གཟི་བརྗིད་ངང་རྒན་ཡོལ་ཞུས་པའི་མཛད་སྒོ་དང་། དགེ་རྒན་གསར་པས་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་ནས་དགེ་རྒན་གྱི་འཐུས་མི་8ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེ་མོའུ་ཅུན་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་ནས་ཁོང་དུ་ཆུད་པ་དང་། ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སློབ་གསོ་སྟོབས་ཆེའི་ཁུལ་འཛུགས་པའི་དམིགས་ཚད་སྟོན་ཕྱོགས་བརྟན་པོར་བཙུགས་ཏེ། བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་ཅིག་མགྱོགས་མྱུར་བསྐྲུན་དགོས། རྒྱ་ཆེའི་དགེ་རྒན་ཚོས་ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་སྔར་བས་ཆེ་རུ་བཏང་སྟེ་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་གཞི་རྩའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་ཏང་དང་མི་དམངས་བློ་ཡིད་ཚིམ་པའི་དགེ་རྒན་ཡག་པོ་ཞིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།